འཛིན་སྐྱོང་།

གསལ་བསྒྲགས།  

དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།


(གཙུག་ལག་སློབ་གཉེར་ཁང་དང་ཆ་འཇོག་ལྡན་པ།)

སཱ་ར་ནཱ་ཐ། ཝཱ་རཱ་ཎཱ་སི། 221007 (ཡུ། པི།) རྒྱ་གར།


པར་སྐྲུན་ཚན་པ།

པར་སྐྲུན་སྡེ་ཚན་ནས་གཙུག་ལག་སློབ་གཉེར་ཁང་གི་རྩ་བའི་དམིགས་ཡུལ་གཞི་རྩར་བཟུང་སྟེ། ནང་ཆོས་དང་བོད་རིག་པའི་ཤེས་རིག་གོང་འཕེལ་སླད་ནང་དོན་རིག་པ་དང་། བོད་རིག་པའི་ཉམས་ཞིབ་ཀྱི་བརྩམས་ཆོས་ཁག་དཔར་སྐྲུན་ཞུ་བཞིན་ཡོད། ཐོག་མའི་ཆར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སྤྱི་ལོ་ ༡༩༧༢ ནང་ཉམས་ཞིབ་ཀྱི་དཔྱད་རྩོམ་དེབ་ཆུང་གཉིས་འདོན་སྤེལ་ཞུས་ཏེ། དཔར་སྐྲུན་གྱི་ལས་གཞི་འགོ་ཚུགས་ཡོད། དེ་ནས་སྤྱི་ལོ་ ༡༩༨༣ ལོར་རང་དབང་ཅན་གྱི་པར་སྐྲུན་སྡེ་ཚན་ཞིག་བཙུགས་པ་དེ་ཉིད་རིམ་བཞིན་དཔེ་སྐྲུན་ཁང་ཆུང་ངུ་ཞིག་ཏུ་གྱུར་ཏེ། རྒྱུན་ལྡན་གྱི་པར་སྐྲུན་ལས་གཞི་གཉེར་ཐུབ་པ་བྱུང་ཡོད།
གཙུག་ལག་སློབ་གཉེར་ཁང་གི་པར་སྐྲུན་སྡེ་ཚན་ནས་གཙུག་ལག་སློབ་གཉེར་ཁང་ནས་གཉེར་བའི་ཉམས་ཞིབ་ཀྱི་ལས་གཞི་ཁག་གི་གྲུབ་འབྲས་དང་། དེའི་ཐོག་གཙུག་ལག་སློབ་གཉེར་ཁང་ནས་གཏན་འབེབས་མཛད་པའི་ཉམས་ཞིབ་ཀྱི་གནས་ཚད་དང་མཐུན་ཅིང་། པར་སྐྲུན་སླད་ཁས་བླངས་ཞུས་པའི་མཁས་པ་དག་གི་བརྩམས་ཆོས་ཁག་པར་སྐྲུན་ཞུ་བཞིན་ཡོད། ད་ཕན་ཆད་པར་སྐྲུན་ཞུས་པའི་དཔེ་དེབ་ཕལ་མོ་ཆེ་ནི་ནང་དོན་རིག་པ་དང་བོད་རིག་པའི་ཞིབ་འཇུག་ཐད་ཚད་མཐོའི་ཞིབ་འཇུག་གི་རིན་ཐང་ལྡན་པ་ཤ་སྟག་ཡིན། ད་ལྟའི་ཆར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་སྤྱིའི་ཆ་ནས་བརྗོད་བྱའི་རྣམ་གྲངས་བཅུའི་ཐོག་ནས་དཔེ་དེབ་པར་སྐྲུན་ཞུ་བཞིན་ཡོད་པ་དང་། དེའི་སྟེང་སྤྱི་ལོ་ ༡༩༨༦ ལོར་གསར་འཛུགས་བྱུང་བའི་ཆེས་དཀོན་རིགས་ཀྱི་ནང་པའི་བསྟན་བཅོས་འཚོལ་ཞིབ་ཀྱི་དུས་དེབ་དང་། ཚིག་མཛོད། དེ་བཞིན་དཔྱད་གཞིའི་དཔེ་དེབ་ཁག་ནི། ཀོ་ཤ་དེབ་ཕྲེང་གི་མཚན་ཐོག་ནས་དཔར་སྐྲུན་ཞུ་བཞིན་ཡོད།

པར་སྐྲུན་སྡེ་ཚན་གྱི་ལས་དོན་ཚོགས་པ།
མཁས་པ་རྣམས་ནས་པར་སྐྲུན་སླད་ཕུལ་འབྱོར་བྱུང་བའི་མ་ཡིག་ཁག་དཔེ་སྐྲུན་བྱ་འོས་མིན་གྱི་ཐག་གཅོད་དང་། དགོངས་འཆར་སླད་གཙུག་ལག་སློབ་གཉེར་ཁང་ནས་པར་སྐྲུན་ལས་དོན་ཚོགས་པ་ཞེས་ཕྱི་ནང་གི་མཁས་པ་འདུས་པའི་ཚོགས་པ་ཞིག་གཏན་འབེབས་མཛད་ཡོད། ལས་དོན་ཚོགས་པས་པར་སྐྲུན་དང་འབྲེལ་བའི་དཀའ་གནད་མང་དག་ཅིག་གི་ཐོག་བསམ་གཞིག་དང་འགན་འཁུར་ཞུ་བཞིན་པ་དང་། གཙུག་ལག་སློབ་ཁང་གི་རིགས་བདག་མཆོག་ནི་ལས་དོན་ཚོགས་པ་དེའི་ཚོགས་གཙོ་ཡིན།

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM