ཕྱིའི་བཀོད་པ།

གསལ་བསྒྲགས།  

སློབ་མ་དབུས་བཞག་གི་སློབ་གླིང་།

གཙུག་ལག་སློབ་གཉེར་ཁང་དུ་འཕྲོད་བསྟེན་ལྟ་སྐྱོང་ཁང་གཉིས་དང་། གསོ་རིག་སྨན་དཔྱད་ཁང་བརྒྱུད་དེ་སྨན་བཅོས་ཀྱི་མཐུན་རྐྱེན་ཏེ་སློབ་མ་ཙམ་མ་ཟད་མང་ཚོགས་བྱིངས་ཀྱི་སླད་དུའང་མཐུན་རྐྱེན་སྦྱོར་བཞིན་ཡོད་པས་ན། གཡུ་ཐོག་གསོ་རིག་སྨན་དཔྱད་སློབ་གཉེར་ཁང་དང་སྨན་ཁང་ནི་འགྲོ་བ་མིའི་རིགས་ལ་ཕན་རླབས་དང་དགོས་ངེས་སུ་འགྱུར་བའི་དེང་རབས་ཀྱི་ངོ་མཚར་ཞིག་ཀྱང་ཡིན། གཞན་ཡང་གཙུག་ལག་སློབ་གཉེར་ཁང་དུ་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོ། དེ་བཞིན་བྱ་སྒྲོའི་ཕོང་རྩེད་སོགས་ཀྱི་རྩེད་ཐང་དང་གསོ་སྦྱོང་གི་མཐུན་རྐྱེན་སོགས་ཡོད་པ་མ་ཟད་སྲོད་ཀྱི་དུས་སུ་སློབ་མ་རྣམས་ཀྱིས་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུ་བར་རྩེད་ཐང་དེ་དག་ཏུ་གློག་སྒྲོན་སོགས་ཀྱི་མཐུན་རྐྱེན་ཀྱང་ལྡན་ཡོད། སློབ་མའི་ཁང་ཚན་ཁག་གི་ནང་ལུས་སྦྱོང་ཁང་དང་། དཔེ་ཀློག་ཁང་། ད་དུང་ཉེར་མཁོའི་མཐུན་རྐྱེན་གཞན་ཁག་ཀྱང་ལྡན་ཡོད། གཞན་ཡང་སློབ་མ་བྱིངས་ཀྱི་ཉིན་རེའི་ཞལ་ལག་སླད་ལྟོ་ཚང་ངམ་གསོལ་ཚིགས་ཁང་དང་། ལྷག་པར་རྒྱ་བོད་ཀྱི་ཞལ་ལག་ཡོད་པའི་གཙུག་ལག་སློབ་ཁང་གི་ཟ་ཁང་ཀྱང་སློབ་གླིང་ར་བའི་ནང་ལོགས་སུ་ཡོད།
དེ་བཞིན་གཙུག་ལག་སློབ་ཁང་དུ་སྐད་ཡིག་ཆེད་སྦྱོང་ཁང་གཉིས་དང་ལྷན་སློབ་མའི་གློག་ཀླད་ཀྱི་ཤེས་བྱ་གོང་འཕེལ་སླད་འཐུས་སྒོ་ཚང་བའི་གློག་ཀླད་འཛིན་ཁང་ཀྱང་ཡོད། ལྷག་པར་དུ་སྒྲ་བརྙན་སྡེ་ཚན་ནས་སློབ་མའི་ཤེས་རིག་སླད་ནང་བསྟན་གྱི་གསུང་རབ་པོ་ཏི་ཁག་ཉམས་ཞིབ་ཀྱི་རྒྱུ་ཆའི་སླད་གློག་པར་ཐོག་ཉར་ཚགས་བྱེད་པ་ཙམ་མ་ཡིན་པར་མཁས་པའི་གསུང་བཤད་ལེ་ཚན་ཁག་གི་བརྙན་ལེན་དང་། སྒྲ་ལེན་སོགས་མདོར་ན་གཙུག་ལག་སློབ་ཁང་གི་ལས་གཞི་ཅི་འདྲ་ཞིག་ཡིན་རུང་སྒྲ་བརྙན་སྡེ་ཚན་ནས་དུས་སུ་ཕྱོགས་བཏུས་བྱེད་བཞིན་ཡོད།

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM