- ཉེ་བའི་རིགས་བདག
- Office of The VC |
- LIST OF FORMER V.C's
ཉེ་བའི་རིགས་བདག
- Ven. Prof. (Dr.) Wangchuk Dorjee Negi
ཉེ་བའི་རིགས་བདག
དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
སཱ་ར་ནཱ་ཐ། ཝཱ་རཱ་ཎཱ་སི། སྦྲགས་ཨང་། ༢༢༡༠༠༧
ཁ་པར་ཨང་། +542-2585242, ཕེག་སི།: +542-2585150
གློག་འཕྲིན་ཁ་བྱང་། vcoffice@cihts.ac.in
འགན་འཁུར་བཞེས་དུས། ༢༠༢༤།༠༤།༡༢
སྔོན་དུས་སུ་པྲོཕེསར་དབང་ཕྱུག་རྡོ་རྗེ་ནེ་གེ་མཆོག་ནས་སྤྱི་ལོ་ ༢༠༡༠ ནས་ ༢༠༡༥ བར་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པའི་འགན་འཁུར་བཞེས་ཡོད་པ་དང་། སྤྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢ ནས་སྤྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༢ བར་དང་། སྤྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༣ ནས་སྤྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣ བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་གི་ཐུགས་འགན་འཕར་མའང་བཞེས་ཡོད། པྲོཕེསར་ནེ་གེ་མཆོག་ནི་མཐོ་སློབ་ཕན་ཚུན་དབར་གྱི་ཤེས་རིག་བརྗེ་ལེན་གྱི་ལས་གཞིའི་འོག་ཨོ་སི་ཀྲོ་ལི་ཡའི་ཏསི་མེནྱིའི་གཙུག་ལག་སློབ་གཉེར་ཁང་དང་། ཨ་རིའི་སི་མིཐི་མཐོ་སློབ་དང་ཧེམ་ཤཱྱར་མཐོ་སློབ་སོགས་སུ་ཆེད་དུ་གདན་ཞུས་ཀྱི་སློབ་དཔོན་མཚན་གནས་ཐོག་སློབ་ཁྲིད་སླད་དུ་ཕེབས་ཡོད། གཞན་ཡང་ཉེ་ཧོང་གི་ཐཻ་ཧྲོ་གཙུག་ལག་སློབ་གཉེར་ཁང་དུ་ཉམས་ཞིབ་ཀྱི་སློབ་སྟོན་དང་། ཨོ་ཀ་ཡ་མ་རུ་ནང་པའི་ལེགས་སྦྱར་མ་དཔེ་རྟོགས་ཞིབ་སླད་གདན་ཞུས་སློབ་དཔོན་གྱི་སླད་དུ་ཕེབས། དེ་བཞིན་དབུས་རྒྱ་གར་གཞུང་གིས་བདམས་ཐོན་མཛད་པ་བཞིན་ཤྲི་ལངྐ་རུ་ ཨེསི་ ཨེ་ ཨེ་ ཨར་ སི་ ས་གནས་སུ་ས་ཁུལ་དང་རིག་གཞུང་ཚོགས་འདུ་དང་། ཀེམ་བྷོ་ཌི་ཡ་རྒྱལ་ཁབ་དུ་ ཨྱེ་ སི་ སི་ ཨར་ ཚོགས་འདུར་བཅར་ཏ་རྒྱ་གར་གཞུང་གི་ངོ་ཚབ་མཛད་ཡོད། ལྷག་པར་དུ་ནང་པའི་སློབ་དཔོན་ཞིག་དང་མཁས་དབང་ཞིག་ཡིན་པའི་ཐོག་ནས་ཅི་ལི་རྒྱལ་ཁབ་དང་། ཐཻ་ཝན། ལྷོ་ཀོ་རི་ཡ། ཐཻ་ལནྜ། སིངྒ་པུར། འབར་མ་བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དང་། ཆོས་ཚོགས་མང་དག་ཅིག་ལ་གདན་ཞུས་ཐོག་གསུང་ཆོས་དང་སློབ་ཁྲིད་མཛད་ཡོད། རྒྱ་གར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་ཨ་རིའི་ཤེས་ཡོན་ཐེབས་རྩ་(ཡུ་ ཨེསི་ ཨྱེ་ ཨི་ ཨེཕཱ་)དང་། ཨ་རིའི་རྒྱ་གར་ཤེས་རིག་སློབ་ཡོན་ ( ཨེ་ ཨྱེ་ ཨྱེ་ ཨེསི་) ཞེས་པའི་ཚོགས་སྡེ་གཉིས་བརྒྱུད་ནས་ཕེབས་པའི་ཨ་རི་དང་། ཡོ་རོབ་ཁུལ་གྱི་ཉམས་ཞིབ་སློབ་མ་མང་དག་ཅིག་ལ་སློབ་སྟོན་མཛད་དེ་རྒྱ་གར་གྱི་སློབ་སྟོན་པ་ཞིག་ཡིན་པའི་ཐུགས་འགན་བཞེས་ཡོད།
སློབ་དཔོན་ཌོག་ཌར་དབང་ཕྱུག་རྡོ་རྗེ་ནེ་གེ་མཆོག་གིས་སྤྱི་ལོ་ ༢༠༡༦ ལོར་དབྱིན་སྐད་ཐོག་<>ཞེས་མཛད་པ་ཕྱིས་སུ་སི་པཎ་དང་རྒྱ་སྐད་དུ་བསྒྱུར་ཡོད་པ་དང་། སྤྱི་ལོ་ ༢༠༡༠ ལོར་ཧིན་སྐད་ཐོག་<> ཞེས་མཛད་པ་ཕྱིས་སུ་སྤྱི་ལོ་ ༢༠༡༢ ལོར་རྒྱ་གར་བྷང་གྷ་ལའི་སྐད་དང་། སྤྱི་ལོ་ ༢༠༡༤ ལོར་བོད་སྐད་དུ་བསྒྱུར་ཡོད། སྤྱི་ལོ་ ༢༠༡༣ ལོར་དབྱིན་སྐད་ཐོག་ <> ཞེས་དང་། སྤྱི་ལོ་ ༡༩༩༨ ལོར་ཧིན་སྐད་ཐོག་<> ཞེས་དང་། སྤྱི་ལོ་ ༢༠༠༩ ལོར་ལེགས་སྦྱར་སྐད་ཐོག་<> ཅེས་དང་། སྤྱི་ལོ་ ༢༠༡༩ ལོར་ཧིན་རྡིའི་སྐད་ཡིག་ཐོག་<> སོགས་མཛད་ཡོད་པ་མ་ཟད་དུས་དེབ་དང་། རྩོམ་རིག་གི་ཆེད་དེབ་མང་པོའི་ནང་ལེགས་སྦྱར་དང་ཧིན་རྡིའི་སྐད་ཡིག་ཐོག་དཔྱད་བརྗོད་དང་། དཔྱད་རྩོམ་ཚན་པ་མང་དག་ཅིག་སྤེལ་ཡོད།
- Kamalashil Bhavan
Central Institute of Higher Tibetan Studies Sarnath,
Varanasi – 221007 Uttar Pradesh, INDIA
ཁ་པར་ཨང་། 0542-2585242, 2586337, 2581737 Fax: 0542-2585150
གློག་འཕྲིན་ཁ་བྱང་། vcoffice@cihts.ac.in
- Shri Tenzin Sidon
Steno typist P.A. to V.C.
Ph- 9415695521
Email- tsidon@cihts.ac.in
- Shri Deepanker
Steno typist P.A. to V.C.
Ph- 9415600692, 0542-2585148
Email- deepankar@cihts.ac.in
- Choenga Tsering
ལས་རོགས།
Ph- 7752972641
Email- –





