སློབ་གཉེར་བ།
གསལ་བསྒྲགས།
སློབ་གཉེར་བ་ལས་ཀར་བསྐོ་བཞག་དང་སྐྱེད་སྲིང་ཚན་པ།
ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་གཞིའི་རང་བཞིན་ནི། སྤྱིར་མཐོ་སློབ་གཞན་ཇི་བཞིན་སློབ་གཉེར་བ་རྣམས་ཁེ་ལས་ཅན་དུ་འགྱུར་རྒྱུའི་དམིགས་ཡུལ་མིན་ནའང་། སློབ་གཉེར་བའི་རིག་རྩལ་དང་། འཇོན་ཐང་གོང་འཕེལ་དུ་གཏོང་བ་ནི་བསླབ་གཞི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། དེས་ན་སློབ་མ་ལས་ཀར་བསྐོ་བཞག་སྤོ་དང་སྐྱེད་སྲིང་ཚན་པས་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་། ཁེ་གཉེར་སྡེ་ཁག་གི་དགོས་མཁོའི་བར་ཟམ་པ་ལྟ་བུའི་ལས་འགན་སྒྲུབ་བཞིན་ཡོད། ཚན་པ་འདིས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་དུ་གནས་སྡོད་བྱེད་བཞིན་པའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོའི་གནས་ཚུལ་ཉར་ཚགས་བྱེད་པ་དང་། སློབ་ཕྲུག་ཚོར་ལས་ཀའི་གོ་སྐབས་ཡོད་མེད་ཀྱི་གནས་ཚུལ་དུས་ཐོག་ཏུ་འགྲེམས་སྤེལ་བྱེད་བཞིན་ཡོད། གཞན་ཡང་ཚན་པ་འདིས་བོད་ཀྱི་ཐང་ཀ་དང་ཤིང་བརྐོས་རིག་གནས་དང་། གསོ་བ་རིག་པའི་ཆེད་ལས་ཡར་རྒྱས་སླད་དུས་ནས་དུས་སུ་ལས་གཞི་གཉེར་མུས་ཡིན། ལྷག་པར་དུ་སློབ་གཉེར་བའི་རིག་རྩལ་གོང་འཕེལ་དང་། གོ་རྟོགས་ལས་གཞི་སོགས་ལས་གཞི་སྣ་མང་ཞིག་རྒྱུན་ཆད་མེད་པར་གཉེར་མུས་ཡིན། ཚན་པ་འདི་གསར་འཛུགས་བྱུང་བ་ནས་ལོ་ངོ་གཉིས་ཀྱི་རིང་སློབ་ཕྲུག་ཚོས་བཟོ་ལས་ཀྱི་དངོས་ཡོད་གནས་ཚུལ་དང་། སྤྱི་ཚོགས་ཀྱི་ལས་ཀར་ཆ་རྐྱེན་གང་དག་དགོས་མིན་ཐད་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཡོང་བར་ཞབས་ཏོག་བསྒྲུབས་ཡོད།
ཚན་པའི་དགོས་དམིགས།
- སློབ་གཉེར་བར་ལས་འཁུར་ཡི་གེ་དང་། ངོས་སྦྱོར་ཡི་གེ ལས་ཀའི་བཅར་འདྲིའི་གྲ་སྒྲིག་སླད་རོགས་རམ་བྱེད་རྒྱུ།
- སློབ་གཉེར་བར་མདུན་ལམ་ལམ་སྟོན་དང་། ལས་ཀ་འཚོལ་སྙེག་ཐད་ལམ་སྟོན་བྱེད་རྒྱུ།
- འདེམས་བསྐོ་སྡེ་ཚན་ཁག་དུ་རང་ཉིད་ལ་འཚམ་པའི་ལས་ཀ་འཚོལ་སྙེག་སླད་རོགས་རམ་བྱེད་རྒྱུ།
- སློབ་ཟུར་བ་དང་ཆེད་ལས་པ་དག་ལ་འབྲེལ་གཏུགས་ཞུས་ཏེ། དེ་དག་དང་སློབ་གཉེར་བའི་དབར་འབྲེལ་ལམ་གྱི་གོ་སྐབས་བསྐྲུན་རྒྱུ།
- སློབ་གཉེར་བའི་འཇོན་ནུས་དང་ལག་རྩལ་དང་། མདུན་ལམ་གྱི་གོ་རྟོགས་སླད་ལས་གཞི་སྣ་མང་གོ་སྒྲིག་ཞུ་རྒྱུ།
- སློབ་གཉེར་བ་དང་སློབ་ཟུར་བའི་གནས་ཚུལ་ཉར་ཚགས་བྱེད་རྒྱུ་དང་། དེ་དག་གི་ལས་གནས་དང་མདུན་སྐྱོད་ལ་བལྟ་རྟོག་བྱེད་རྒྱུ།
- གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གསར་འཇུག་ཀྱི་ལས་གཞི་རྣམས་གཙུག་ལག་སློབ་གཉེར་ཁང་གི་རྭ་བའི་ནང་གོ་སྒྲིག་ཞུ་རྒྱུ།
- གཙུག་ལག་སློབ་གཉེར་ཁང་དུ་ཁེ་ལས་ཤེས་ལྡན་པ་མང་དག་ཅིག་གདན་ཞུས་ཀྱིས་དམིགས་བསལ་གསུང་བཤད་གོ་སྒྲིག་ཞུ་རྒྱུ།
འབྲེལ་གཏུགས་གནང་ཡུལ།
- Dr. Animesh Prakash
ཚོགས་གཙོ།
འབྲེལ་མཐུད་ཨང་གྲངས། 9598451704
གློག་འཕྲིན་ཁ་བྱང་། animesh.acd@cihts.ac.in
- Dr. Jasmeet Gill
ཚོགས་དྲུང་།
འབྲེལ་མཐུད་ཨང་གྲངས། 9838544031
གློག་འཕྲིན་ཁ་བྱང་། jasmeet@cihts.ac.in



