ང་ཚོའི་སྐོར།

གསལ་བསྒྲགས་སྦྱར་པང་།  

ཉེ་བའི་རིགས་བདག་ཀྱི་གསུང་འཕྲིན།

གཙུག་ལག་སློབ་གཉེེར་ཁང་འདི་བཞིན་ཕྱི་ལོ་༡༩༦༧ལོར་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་པནྜི་ཏ་ཇ་ཝ་ཧར་ལལ་ནེཧ་རུ་རྣམ་གཉིས་ཟུང་འབྲེལ་གྱིས་དབུ་བརྙེས་པ་ཞིག་རེད། དམིགས་ཡུལ་ནི་རྒྱ་གར་ནང་གནས་སྡོད་བོད་མི་གཞོན་སྐྱེས་རྣམས་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་སྡོད་རྣམས་ཀྱི་རིག་གཞུང་དང་ཤེས་ཡོན་གྱི་དགོས་མཁོ་རྣམས་བསྐང་བའི་ཆེད་དུ་ཡིན། ཧི་མ་ལ་ཡའི་ཁུལ་སྡོད་རྣམས་དེ་སྔ་བོད་དུ་སློབ་གཉེར་ལ་འགྲོ་བའི་གོ་སྐབས་ཡོད་ཀྱང་། རྒྱ་ནག་གུང་བྲན་གྱིས་བོད་ས་དབང་བསྒྱུར་བྱས་པ་དང་ལྷན་གོ་སྐབས་དེ་ཡང་མཇུག་འགྲིལ་བ་རེད། ཡིན་ནའང་ཕྱིས་སུ་མཐོ་སློབ་འདི་བཞིན་བོད་རིག་པ་དང་། གནའ་དཔེ་བསྐྱར་གསོ། ཆོས་བརྒྱུད་ཆེན་པོ་ལྔ་དང་གནའ་རབས་གདོད་མའི་བོན་བཅས་ལ་སློབ་གཉེར་ཞིབ་འཇུག་གི་ཆེས་མཐོའི་ལྟེ་གནས་ཤིག་ཏུ་གྱུར། རྒྱ་གར་གནས་སྡོད་བོད་མིའི་སྤྱི་ཚོགས་དང་། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་བྱང་ནས་བྱང་ཤར་བར་གྱི་སློབ་གཉེར་བ་རྣམས་མཐོ་སློབ་འདིར་ཡོང་གི་ཡོད། མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཤེས་ཡོན་དང་འབྲེལ་བའི་ཉམས་ཞིབ་དང་སློབ་གཉེར་ཆེད་དུ་མཁས་པ་ཁག་ཕེབས་ཀྱི་ཡོད། དེ་བཞིན་ཨོ་སི་ཁྲུ་ལི་ཡ་དང་ཨ་རིའི་མཐོ་སློབ་ཁག་དང་ལོ་རེར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཁག་མུ་མཐུད་ནས་འགྲོ་བཞིན་ཡོད། མཐོ་སློབ་འདི་ཡིས་གནའ་བོའི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་ཐབས་ལམ་ཟུང་འབྲེལ་བྱས་ནས། བསླབ་གཞི་རྣམས་འཛིན་གྲྭ་རིམ་བགྲོད་ཀྱིས་ཁྱད་འཕགས་སློབ་དཔོན་དང་། ཉམས་ཞིབ་ཀྱི་རིམ་པའི་བར་ཡོད།

ཚགས་ཚུད་གསོན་ཉམས་ལྡན་པའི་པར་སྐྲུན་སྡེ་ཚན་ཡོད་ཅིང་། དེས་གལ་ཆེའི་དཔེ་ཆ་དང་། བསྐྱར་གསོ་བྱས་པ། དེ་བཞིན་བོད་ཡིག་ནས་བསྒྱུར་བའི་འགྱུར་བཅས་དུ་མ་ཞིག་པར་སྐྲུན་བྱས་ཡོད། ད་ལྟའི་ཆར་ཤེས་བྱ་མཛོད་དང་། བོད་ཡིག་དང་ལེགས་སྦྱར་གྱི་ཚིག་མཛོད་ལས་གཞི་ཡང་འགྲོ་བཞིན་པ་ཡིན། ལོ་རེར་པར་སྐྲུན་བྱེད་པའི་ཞིབ་འཇུག་སྙན་ཐོ་དྷི༔དུས་དེབ་ནི་ཚང་མས་བསྔགས་བརྗོད་བྱ་ཡུལ་ཞིག་ཡིན།

མཐོ་སློབ་ཀྱི་དཔེ་མཛོད་ཀྱི་མཚན་ནི་སྙན་གྲགས་ཆེ་བའི་རྩོམ་པ་པོ་དང་། བསམ་བློ་བ་ཞི་བ་འཚོ་ཡི་མཚན་གྱི་རྗེས་སུ་བཏགས་པ་ཞིག་ཡིན་ཞིང་། ནང་པའི་སངས་རྒྱས་པའི་ཞལ་ནས་ཞལ་དུ་བརྒྱུད་པའི་ཕྱོགས་འདྲ་མིན་གྱི་དཔེ་རྙིང་སྣ་ཚོགས་དང་། རིན་ཐང་ཆེ་བའི་དཔེ་དེབ་མང་པོ་བཞག་ཡོད།

བྱུང་རབས་དང་། རིག་གཞུང་། ལྟ་གྲུབ་བཅས་ཀྱི་དཔེ་དེབ་གཞན་མང་པོ་ཡོད་པ་དག་ཀྱང་རིན་ཐང་ཆུང་བ་མེད། དཔེ་མཛོད་ནང་དུ་སྙན་གྲགས་ཅན་གྱི་མི་སྣས་གསུངས་པའི་གཏམ་བཤད་གལ་ཆེན་རྣམས་ཀྱི་སྒྲ་འཇུག་དང་བརྙན་འཇུག་རྣམས་ཀྱི་ཆེད་དུ་སྡེ་ཚན་ལོགས་སུ་ཡོད།

སློབ་གཉེར་བ་རྣམས་ལ་དེང་དུས་ཀྱི་མཐོ་སློབ་ཅིག་གི་ཆ་རྐྱེན་འཛོམས་ཡོད། ཝཱ་རཱ་ཎ་སཱི་ཉེ་འདབས་སུ་ཡོད་པའི་སཱར་ནཱ་ཐར་ཆགས་ཡོད་ཅིང་། མཐོ་སློབ་འདིར་བྱིན་ཆགས་ཀྱི་ཉམས་སྣང་ལྡན་ཞིང་། ཞི་མཐུན་མཛའ་གཤེས་འབར་བའི་ཡིད་འོང་གི་ཁོར་ཡུག་ལྡན་ཡོད།

མཐོ་སློབ་ནི་སྟོན་པས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ཞིང་ནང་བསྟན་དབུ་བརྙེས་པའི་གནས་མཆོག་ག་ལ་བ་ཡི་ཉེ་འཁྲིས་སུ་ཡོད། དེ་བཞིན་མཐོ་སློབ་འདི་ནི་དགེ་སློབ་གཏན་སྡོད་ཅན་གྱི་སློབ་གླིང་ཡིན་པར་བརྟེན་སློབ་གཉེར་བ་རྣམས་ལ་དགོས་མཁོ་ནམ་མཆིས་ཚེ་དགེ་རྒན་ལ་གམ་བཅར་ཞུ་ཆོག་ཡིན། སློབ་གླིང་རྭ་བའི་ནང་དུ་རིག་གཞུང་དང་ཡ་རབས་ཀྱི་ཁོར་ཡུག་གིས་ཡོངས་སུ་ཁྱབ་ཡོད།

མཐོ་སློབ་འདི་བཞིན་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གིས་འགྲོ་གྲོན་ཆ་ཚང་གནང་གི་ཡོད་ཅིང་། མཐོ་སློབ་ཆ་འཇོག་གི་གནས་བབ་འཐོབ་ཡོད་ལ། ཤེས་རིག་གི་ལྟེ་གནས་ཤིག་ཡིན་པའི་ཚད་འཛིན་སྐར་མ་ལྔ་འཐོབ་ཡོད། ཁྱེད་རྣམས་ནི་ཤེས་རིག་གི་ཁྱིམ་ཚང་ཆེན་པོ་འདིའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རང་ཅག་ཚང་མ་དགའ་བདེ་ཕུན་སུམ་ཚོགས་པ་ཡོང་ངེས་ལ། མཐོ་སློབ་འདི་ཡང་དེ་ཡི་ཆེད་དུ་ཡིན།

Sincerely,
སློབ་དཔོན་ཆེན་པོ་དབང་ཕྱུག་རྡོ་རྗེ་ནེ་གི་ནས།

གསལ་བསྒྲགས་སྦྱར་པང་།