ང་ཚོའི་སྐོར།
གསལ་བསྒྲགས།

ང་ཚོའི་ལོ་རྒྱུས།
དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་དེང་དུས་ཤེས་ཡོན་དང་། སེམས་དང་རྟགས་རིགས། ཚད་མ་བཅས་ཀྱིས་གྲུབ་པའི་ཤེས་ཡོན་དང་མཚན་ཉིད་རིག་པའི་སྲོལ་རྒྱུན་དང་ཟུང་འབྲེལ་གྱི་སྒོ་ནས་དགེ་རྒན་དང་། དགེ་འོས་སློབ་དཔོན་རྣམས་ཕྱོགས་ཡོངས་མཉམ་བསྡུས་ཀྱི་ཡར་རྒྱས་སྐྱེད་སྲིང་ཡོང་བར་ཆེད་དུ་དམིགས་ནས་འབད་འབུངས་བྱེད་བཞིན་ཡོད། དམིགས་ཚད་འདི་ནི་གནའ་བོའི་རྒྱ་གར་གྱི་ན་ལེན་དྲའི་སྲོལ་རྒྱུན་ནས་ལེགས་ཆ་བླངས་པ་ཞིག་ཡིན། ཚད་ལྡན་གྱི་དགེ་རྒན་དང་། དགེ་འོས་སློབ་དཔོན། དེ་བཞིན་དགེ་འོས་སྦྱོང་བརྡར་ལམ་ལུགས་ནུས་པ་ངེས་ཐོན་ཞིག་ཁ་ཚ་དགོས་གཏུགས་ཀྱི་དགོས་ངེས་ཡིན་པ་ངོས་འཛིན་བྱུང་ནས། གཙུག་ལག་སློབ་ཁང་འདིའི་དགེ་འོས་སྦྱོང་བརྡར་གྱི་ལྟེ་གནས་ནས་གསར་གཏོད་རང་བཞིན་གྱི་འཆར་བཀོད་དུ་མ་ངོ་སྤྲོད་བྱས་པའི་སྒོ་ནས་སྲོལ་གཏོད་ཀྱི་གོམ་སྟབས་སྤོས།
སློབ་ལོ་༢༠༡༤-༢༠༡༥ ནས་བཟུང་། དགེ་འོས་སྦྱོང་བརྡར་ལྟེ་གནས་ནས་ལོ་ངོ་བཞི་ཅན་གྱི་ཉེ་བའི་སྒྱུ་རྩལ་རབ་འབྱམས་དགེ་འོས་དང་ཉེ་བའི་ཚན་རིག་རབ་འབྱམས་དགེ་འོས་ (BAB.Ed./B.Sc.B.Ed.) དང་ལོ་ངོ་གཉིས་ཅན་གྱི་དགེ་འོས་སྦྱོང་བརྡར་རྣམས་འགོ་བཙུགས་བྱས། དང་ཐོག་དགེ་འོས་སྦྱོང་བརྡར་ལྟེ་གནས་འདི་བཞིན་དྷ་ས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་འཛིན་སྐྱོང་བྱས་པ་རེད། ལས་འཆར་གཉིས་ཀར་རྒྱ་གར་ནང་གི་དགེ་འོས་ཤེས་ཡོན་ལ་སྟངས་འཛིན་དང་ལྟ་རྟོག་བྱེད་མཁན་གྱི་ཆེས་མཐོའི་ལས་ཁུངས། རྒྱལ་ཡོངས་དགེ་འོས་ལྷན་ཚོགས་༼NCTE༽ཞེས་པས་གཞུང་འབྲེལ་བཀའ་འཁྲོལ་ཐོབ་ཡོད།་་ ད་ལྟའི་ཆར་དགེ་འོས་ཤེས་ཡོན་ལྟེ་གནས་ནས་སློབ་དུས་སོ་སོའི་ནང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་རྣམས་ངེས་གཏན་སློབ་ཚན་ཡིན་པའི་ཐོག་ལོ་ངོ་བཞི་ཅན་གྱི་ཉེ་བའི་སྒྱུ་རྩལ་རབ་འབྱམས་དགེ་འོས་དང་ཉེ་བའི་ཚན་རིག་རབ་འབྱམས་དགེ་འོས་ (BAB.Ed./B.Sc.B.Ed.) དང་།་་ ལོ་ངོ་གཉིས་ཅན་གྱི་དགེ་འོས་སྦྱོང་བརྡར་རྣམས་སྤྲོད་བཞིན་ཡོད།་་ སྤྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༨ ཉིན་་་ སློབ་ཚན་འདི་འཛུག་དགོས་པའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གི་གནས་ཚད་གོང་འཕེལ་དང་ལྷན་དུ་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུལ་དུ་ཡོད་པ་རྣམས་ཀྱི་ཤིན་ཏུ་ཕྱུག་པའི་རིག་གཞུང་རྣམས་ཉར་ཚགས་རྒྱུན་གནས་ཆེད་དུ་ཡིན།
དེའི་ཐོག་སློབ་དུས་རེ་རེའི་ནང་དུ་ནང་པའི་རྟགས་རིགས་དང་། སེམས་ཁམས་རིག་པ། ཚད་མ་རིག་པ་ཞེས་པའི་ངེས་པའི་སློབ་ཚན་ཡོད། བསླབ་གཞི་འདིས་བོད་ཀྱི་སློབ་ཁྲིད་ཐབས་ལམ་ལ་གཏིང་ཟབ་པོས་འཇུག་ཅིང་། དོན་གཉེར་བ་རྣམས་ཀྱིས་རིགས་ལམ་གྱི་སྒོ་ནས་སློབ་ཁྲིད་བྱེད་པའི་དགོས་ངེས་ཀྱི་སྦྱོང་བརྡར་སྤྲོད་བཞིན་ཡོད། སློབ་ཚན་འདི་ནི་ལས་འཆར་འདི་ཡི་སྔ་ཕྱི་བར་གསུམ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཅིང་། དབུས་གཙུག་ལག་སློབ་གཉེར་ཁང་འདི་ཤེས་ཡོན་གྱི་མྱོང་བ་ཆེས་ཕུན་སུམ་ཚོགས་པར་བྱེད།



