ང་ཚོའི་སྐོར།

གསལ་བསྒྲགས་སྦྱར་པང་།  

བྱ་དགའ་དང་གཟེངས་བསྟོད། >>

ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མི་ལོ་ལྔ་བཅུ་ལྷག་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ནང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱི་རྒྱལ་ནང་གི་ཚོགས་སྡེ་དུ་མས་མཐོ་སློབ་འདི་བཞིན་ཕུལ་བྱུང་ཡང་རྩེར་སོན་པའི་ལྟེ་གནས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༡ལོར་རྒྱལ་ཡོངས་ཞིབ་དཔྱོད་དང་ཚད་འཛིན་ལྷན་ཚོགས་༼NAAC༽ ནས་སྐར་མ་ལྔ་ཅན་གྱི་ཚད་འཛིན་གཟེངས་བསྟོད་བསྩལ་བ་མ་ཟད། ཕྱི་ལོ་༢༠༢༢ལོར་གནས་རིམ་ཀ་པའི་ཚད་འཛིན་གཟེངས་བསྟོད་བསྩལ་ཡོད། ཕྱི་ལོ་༢༠༠༩ལོར་ཤེས་ཡོན་དང་རྩོམ་རིག་ཐོག་རླབས་ཆེན་གྱི་ལེགས་སྐྱེས་འབུལ་མཁན་ཝཱ་ཎ་མཐོ་སློབ་ཀྱི་མཁས་པ་གཉིས་ལ་སྙན་གྲགས་ཅན་གྱི་པདྨ་དཔལ་གྱི་གཟེངས་རྟགས་བསྩལ་ཡོད། ཕྱི་ལོ་༢༠༡༥ ལོར་རྒྱ་གར་དབུས་གཞུང་ནས་སློབ་དཔོན་ཆེན་པོ་རཱམ་ཤངྐར་ཏྲིཔཱཋི་མཆོག་གིས་རྒྱ་གར་གྱི་ལྟ་གྲུབ་དང་། ནང་ཆོས། ལེགས་སྦྱར་སྐད་ཡིག་བཅས་ཀྱི་ཐོག་ལ་ལེགས་སྐྱེས་གཏོས་ཆེ་བ་ཕུལ་གནང་མཛད་པར་ངོས་འཛིན་གྱིས་༼བེ་སཱཀ པྲཤསྟི་༽ཞེས་པའི་གཟེངས་བསྟོད་མཛད། ཕྱི་ལོ་༢༠༡༦ལོར་རྒྱ་གར་དབུས་གཞུང་ནས་སློབ་དཔོན་ཆེན་པོ་ངག་དབང་བསམ་གཏན་མཆོག་གིས་བོད་རིག་པ་དང་། ནང་ཆོས། རྒྱ་གར་གྱི་ལྟ་གྲུབ། སྒྱུ་རྩལ་དང་རིག་གཞུང་བཅས་ཀྱི་ཐོག་ལ་ཞབས་ཞུའི་སྙིང་རུས་དང་། མཁས་པའི་རྣམ་དཔྱོད་བཅས་ངོས་འཛིན་གྱིས་༼བེ་སཱཀ པྲཤསྟི་༽ཞེས་པ་ཕུལ་བའི་སྒོ་ནས་མངོན་བསྟོད་མཛད། ཕྱི་ལོ་༢༠༡༨ ལོར་རྒྱ་གར་དབུས་གཞུང་ནས་མཐོ་སློབ་འདི་ཉིད་ཀྱིས་རྒྱ་གར་གྱི་ལྟ་གྲུབ་དང་རིག་གཞུང་། སྒྱུ་རྩལ་བཅས་ཀྱི་རྒྱུན་འཛིན་དར་འཕེལ་གྱི་བྱས་རྗེས་ལ་ངོས་འཛིན་གྱིས་༼བེ་སཱཀ པྲཤསྟི་༽ཞེས་པའི་གཟེངས་བསྟོད་མཛད། སློབ་དཔོན་ཆེན་པོ་ངག་དབང་བསམ་གཏན། ཉེ་བའི་རིགས་བདག

ཚེས་༣༡ཉིན་ཤེས་ཡོན་དང་རྩོམ་རིག་གི་བྱ་གཞག་ལ་རྒྱ་གར་གྱི་སྲིད་འཛིན་ངོས་འཛིན་གྱིས་པདྨ་ཤྲིའི་གཟེངས་བསྟོད་མཛད།

ཕྱི་ལོ་༡༩༨༣ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་ལོར་རྟེན་འབྲེལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་བསྒྱུར་བ་ལ་བི་བི་དྷཱ། པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༡༩༨༥ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་སྒོམ་རིམ་ལེགས་སྦྱར་དུ་བསྐྱར་གསོ་གནང་བར་ཤངྐར་པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༢༠༠༡ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་རྣམ་པ་བཞི་བསྒྱུར་བ་ལ་བི་བི་དྷཱ་པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༡༩༨༨ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་མངོན་རྟོགས་རྒྱན་གྱི་ལུས་རྣམ་གཞག་བསྒྱུར་བ་ལ་བི་བི་དྷཱ་པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༡༩༩༤ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་པ་བསྒྱུར་བ་ལ་བི་བི་དྷཱ། པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༡༩༩༩ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་ཇོ་བོ་རྗེ་ཨ་ཏི་ཤས་མཛད་པའི་བསྟན་བཅོས་ལྔ་བསྐྱར་གསོ་དང་ཕབ་བསྒྱུར་མཛད་པ་ལ། བི་ཤེ་ཥཿ་པུརསྐཱར་ཞེས་པའི་གཟེངས་རྟགས་བསྩལ།
ཕྱི་ལོ་༢༠༠༡ ལོར་ལཁ་ནཨུ་རྒྱལ་སར་ཨུཏྟར་མངའ་སྡེའི་ལེགས་སྦྱར་སློབ་གཉེར་ཁང་གིས་འཕགས་པ་ཕུང་པོ་གསུམ་པའི་མདོ་དང་འགྲེལ་པ་བསྐྱར་གསོ་དང་ཕབ་བསྒྱུར་མཛད་པ་ལ། བི་ཤེ་ཥ་པུསྐཱར་ཞེས་པའི་གཟེངས་རྟགས་བསྩལ།

ཕྱི་ལོ་༡༩༨༤ལོར་བྱང་ཆུབ་ལམ་སྒྲོན་བསྐྱར་གསོ་མཛས་པར་ཨུ་ཏྟར་མངའ་སྡེའི་ལེགས་སྦྱར་གཙུག་ལག་གི་བྱ་དགའ་ཐོབ།

ཕྱི་ལོ་༡༩༨༤ལོར་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རང་འགྲེལ་དང་བཅས་པ་བསྐྱར་གསོ་མཛས་པར་ཨུ་ཏྟར་མངའ་སྡེའི་ལེགས་སྦྱར་གཙུག་ལག་གི་བྱ་དགའ་ཐོབ།

Click below for Registration-NCISM-NEET-SR UG 2024-2025