སློབ་ཟུར།

གསལ་བསྒྲགས་སྦྱར་པང་།  

སློབ་ཟུར་ཚོགས་པ།

ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོགས་པ་ནི་ཁེ་གཉེར་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་སློབ་ཟུར་བ་རྣམས་ཀྱིས་གྲུབ་པ་ཞིག་ཡིན་ཞིང་། དང་བླང་གི་ངོ་བོའི་ཐོག་ནས་མཐོ་སློབ་འདི་ཉིད་ཀྱི་ཤེས་ཡོན་གྱི་སྲོལ་བཟང་རྒྱུན་འཛིན་དར་སྤེལ་དང་། སློབ་ཟུར་ནང་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན།

ཕྱི་ལོ་༢༠༡༥ལོར་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། རིག་གཞུང་བསྐྱར་དར་དང་། ཤེས་ཡོན་གོང་འཕེལ། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཐོག་ཏུ་གལ་ཆེན་འགན་འཁུར་རྐང་ལེན་བྱེད་མཁན་ནང་དུ་སློབ་ཟུར་བ་མང་དག་ཡོད། ཁོང་རྣམ་པའི་རླབས་ཆེན་གྱི་གྲུབ་འབྲས་ཀྱིས་མཐོ་སློབ་འདི་ཉིད་ལ་སྙན་གྲགས་དང་ཆེ་མཐོང་རྒྱ་ཆེར་ཐོབ་ཡོད། རྒྱལ་སྤྱི་རྒྱལ་ནང་གི་སློབ་ཟུར་ཕན་ཚུན་དང་། དེ་བཞིན་མཐོ་སློབ་འདི་ཉིད་དང་ལྷན་དུ་འབྲེལ་ལམ་གོང་འཕེལ་ཡོང་ཆེད་དང་། དེ་བཞིན་སློབ་ཟུར་རྣམས་ལའང་ཕན་པ་བསྐྲུན་ཆེད་དུ།th ཕྱི་ལོ་༢༠༡༥ལོའི་ཕྱི་ཟླ་དང་པོའི་ཚེས་བཅུ་ཉིན་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ནས་སློབ་ཟུར་ཚོགས་པ་གསར་བཙུགས་ལ་གྲོས་མོས་ཐག་གཅོད་བྱུང་། དེ་ནས་བཟུང་སློབ་ཟུར་ཚོགས་པས་བྱེད་སྒོ་སྣ་མང་གི་གྲུབ་འབྲས་ལྡན་པའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།