སློབ་གཉེར་བ།

གསལ་བསྒྲགས་སྦྱར་པང་།  

སློབ་གླིང་ར་བའི་ནང་གི་འཚོ་བ།

སློབ་ཕྲུག་ཚོའི་འཚོ་བ་ནི་ཧ་ཅང་གསོན་ཉམས་ལྡན་ལ་ཡིད་ཚིམ་པ་ཞིག་རེད། སློབ་གྲྭའི་ཁོར་ཡུག་ནི་ཧ་ཅང་བདེ་འཇགས་དང་ལྗང་ཐིང་ངེར་གནས་ཡོད་ཅིང་། བོད་ཡིག་དང་། དབྱིན་ཇི། ཧིན་དྷི། པཱ་ལི། སཾསྐྲྀཏ་སོགས་ལ་བྱང་ཆ་ལྡན་པའི་སློབ་ཕྲུག་ཚོར་མཚོན་ན་དངོས་གནས་ལྷ་ཡུལ་ཞིག་ཡིན། དེ་བཞིན་བལ་ཡུལ་དང་། འབྲུག འབར་མ། ཨུ་རུ་སུ། ཐའེ་ལནཌ། ཝེ་ཐི་ནམ། དེ་བཞིན་ནང་པའི་རྒྱལ་ཁབ་མང་པོ་ནས་སླེབས་པའི་སློབ་གཉེར་བ་དུ་མ་ཡོད། སློབ་གཉེར་བའི་ཚོགས་པ་སློབ་ཕྲུག་བདེ་དོན་ལྷན་ཚོགས་དང་། ལྟོ་ཚང་ཚོགས་ཆུང་། ཟློས་གར་ཚོགས་ལ་སོགས་པས་སློབ་གླིང་ནང་རིག་གཞུང་དང་ཤེས་ཡོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། ལོ་འཁོར་མོའི་ནང་སློབ་གྲྭའི་ཁོར་ཡུག་ནང་ལོ་གསར། ཞོ་སྟོན། ས་ག་ཟླ་བའི་དུས་ཆེན་དུས་སྟོན་སྣ་ཚོགས་སྲུང་བརྩི་བྱེད་ཀྱི་ཡོད། སློབ་ཕྲུག་ཚོའི་སྡོད་གནས་ཀྱི་ཁོར་ཡུག་ནི་རིག་པ་སྣ་མང་གི་རང་བཞིན་ཅན་ཞིག་ཡིན་པར་བརྟེན་ཤེས་རིག་གི་ཉམས་མྱོང་ཐུ་མོང་མ་ཡིན་པ་ཡོད། ནང་བསྟན་ལྟ་གྲུབ་དང་། སྐད་ཡིག། བོད་ཀྱི་རྩོམ་རིག བོད་ཀྱི་གསོ་བ་རིག་པ། སྒྱུ་རྩལ་རིག་པ། ཤེས་ཡོན་རིག་པ་ལ་སོགས་པའི་སློབ་གཉེར་བ་རྣམས་ཀྱིས་སློབ་གཉེར་གྱི་རྣམ་པ་སྣ་ཚོགས་ཤིག་སློབ་གཉེར་བྱེད་བཞིན་ཡོད། སློབ་ཕྲུག་ལྷན་ཚོགས་ཚང་མས་ལོ་གཅིག་གི་རིང་ལ་དུས་དེབ་སྣ་ཚོགས་པར་སྐྲུན་བྱེད་ཀྱི་ཡོད།

གསལ་བསྒྲགས་སྦྱར་པང་།