Sampradaya
གསལ་བསྒྲགས་སྦྱར་པང་།
ས་སྐྱ་ཆོས་བརྒྱུད།
བརྒྱུད་པ་འདིའི་གཙོ་བོའི་བརྗོད་གཞི་ནི་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་དང་། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་རཱུ་པས་གསུངས་པའི་སྔགས་ཀྱི་ལྟ་གྲུབ་དང་སྒོམ ་སྒྲུབ་ཀྱི་ལམ་ལུགས་བཅས་ཡིན། བི་རཱུ་པ་ནི་ནཱ་ལེནྡྲའི་གྲུབ་ཆེན་རྣམས་ཀྱི་ནང་གི་གཅིག་ཡིན་ཞིང་། དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་བྱུང་། ཁོང་གིས་སྤྱིར་སངས་རྒྱས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་དང་། ཁྱད་པར་དུ་ཀྱཻ་རྡོར་རྒྱུད་ཀྱི་ཉམས་ལེན་ངོ་སྤྲོད་གནང་ཡོད། འདི་ནི་མདོ་སྔགས་གཉིས་ཀའི་ལམ་དང་འབྲས་བུ་ཡོངས་རྫོགས་ཀྱི་སྙིང་པོ་བསྡུས་པ་ཞི ག་ཡིན། ལམ་འབྲས་ཀྱི་ལྟ་གྲུབ་ནང་བཤད་པའི་ལྟ་བ་ནི་འཁོར་འདས་དབྱེར་མེད་ཡིན། བཞེད་ཚུལ་དེའི་ལུགས་ལྟར་ན། སེམས་ནི་འཁོར་བ་དང་མྱང་འདས་གཉིས་ཀའི་རྩ་བ་དང་། སེམས་རྣམ་རྟོག་གིས་སྒྲིབ་པའི་གནས་སྐབས་སུ་འཁོར་བའི་རྣམ་པར་སྣང་ཞིང་། སྒྲིབ་པ་དག་དུས་མྱང་འདས་ཡིན། དེས་ན། དོན་དམ་དུ་གང་ཟག་གཅིག་གིས་སྒོམ་སྒྲུབ་བརྒྱུད་ནས་འཁོར་འདས་དབྱེར་མེད་རྟོགས་པ ར་འབད་དགོས། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་ས་སྐྱ་ནི། དཔལ་ན་ལནྡའི་ཆོས་རྒྱུན་ལས་ལམ་འབྲས་ཀྱི་ཁྲིད་ལས་བྱུང་བ་ཞིག་ཡིན། ས་སྐྱ་ཆོས་བརྒྱུད་ནི་སློབ་དཔོན་ཆེན་པོ་འཁོན་དཀོན་ཅོག་རྒྱལ་པོ་ལས་བྱུང་། ཁོང་གིས་དེའི་དུས་ཀྱི་དཔལ་ན་ལནྡའི་མཁན་པོ་སློབ་དཔོན་ཆོས་སྐྱོང་ལས་འབྲོག་མི་ ལོ་ཙཱ་བ་ཤཀྱ་ཡེ་ཤེས་བརྒྱུད་པའི་ལམ་འབྲས་ཁྲིད་ཀྱི་གདམས་པ་མནོས། གཞུང་ལུགས་ལ་གཞིགས་ན། ས་སྐྱའི་ཆོས་བརྒྱུད་ཀྱི་མན་ངག་གི་བརྒྱུད་པ་ནི། འཕགས་ཡུལ་གྱི་གྲུབ་པ་ཆེན་པོ་བི་རུ་པ་ལས་ག་ཡ་དྷ་ར་བརྒྱུད་དེ་བྱུང་བར་ཁུངས་ག ཏུགས། འབྲོག་མི་ལོ་ཙྰ་བ་རྒྱ་གར་དུ་བྱོན་ཏེ་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་དུས་འ ཁོར་གྱི་ཁྲིད་དང་ལམ་འབྲས་ཀྱི་ཁྲིད་སོགས་ལེགས་པར་མནོས་ཏེ། ཕྱིས་སུ་བོད་དུ་ཕེབས་ཏེ་ལུགས་དེའི་གདམས་པ་བསྩལ། འཁོན་དཀོན་ཅོག་རྒྱལ་པོས་བོད་དབུས་གཙང་ཁུལ་གྱི་ས་དཀར་སྤུངས་པ་ལྟ་བུའི་གནས་ ཀྱི་རྩེ་མོར་དགོན་པ་ཞིག་ཕྱག་བཏབ་པར་ས་སྐྱ་ཞེས་འབོད་པ་ལས་ས་སྐྱའི་ཆོས་བརྒྱུད ་ཅེས་བོད་ཁུལ་དུ་ཡོངས་སུ་གྲགས་པར་གྱུར།
ཡོངས་གྲགས་སུ་ས་ཆེན་ཀུན་དགའ་སྙིང་པོ་(༡༠༩༢ - ༡༡༥༨)དང་། སློབ་དཔོན་བསོད་ནམས་བཟང་པོ།(༡༡༤༢ - ༡༡༨༢) རྗེ་བཙུན་གྲགས་པ་རྒྱལ་མཚན། (༡༡༤༧ - ༡༢༡༦)ས་པཎ་ཀུན་དགའ་རྒྱལ་མཚན།(༡༡༨༢ - ༡༢༥༡) འགྲོ་མགོན་ཆོས་རྒྱལ་འཕགས་པ་(༡༢༣༥ - ༡༢༨༠)བཅས་ལྔ་ལ་ས་སྐྱ་གོང་མ་རྣམ་ལྔ་ཞེས་ཡོངས་སུ་གྲགས། ས་སྐྱ་ཆོས་བརྒྱུད་ཀྱི་དགོན་སྡེ་ཆུང་བ་ཁག་ནི། ངོར་དང་། རྫོང་། དེ་བཞིན་ཚར་བཅས་ཀྱི་རྒྱུད་པ་ཡོད་པ་ལས་ངོར་ཆེན་ཀུན་དགའ་བཟང་པོ་(༡༤༣༢)དང་། དེའི་རྒྱུད་འཛིན་པ་སློབ་དཔོན་དཀོན་མཆོག་ལྷུན་གྲུབ་སོགས་ནི། ངོར་གྱི་རྒྱུད་འཛིན་པ་ཡིན། རྫོང་པ་ཆོས་རྒྱུན་གྱིས་རྫོང་པ་ཀུན་དགའ་རྣམ་རྒྱལ་མཆོག་ནི་རྫོང་པ་ཆོས་རྒྱུན་ གྱི་མཁན་ཆེན་གོང་མ་ཡིན། ཚར་ཆེན་བློ་གསལ་རྒྱ་མཚོ་ལས་བརྒྱུད་པའི་རྒྱུད་པར་ཚར་རྒྱུད་ཅེས་ཟེར། ལམ་འབྲས་ནི་དཔལ་ལྡན་ས་སྐྱ་པའི་ལྟ་སྤྱོད་ཀྱི་གཙོ་བོ་ཡིན།