རིག་པའི་ཆུ་གཉེར་གྱི་སློབ་གཉེར་བ།
གསལ་བསྒྲགས།
- རིག་པའི་ཆུ་གཏེར་གྱི་རྩ་འཛིན་ཡིག་ཆ།
- རིག་པའི་ཆུ་གཏེར་གྱི་ལག་དེབ།
- རིག་པའི་ཆུ་གཉེར་གྱི་ཆེད་རྩོམ་མ་དཔེ།
- རིག་པའི་ཆུ་གཏེར་གྱི་སློབ་གཉེར་བའི་མཚན་ཐོ།
- རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་བཞེས་ཟིན་པའི་མཚན་ཐོ།
- རིག་པའི་ཆུ་གཏེར་དང་འབྲེལ་བའི་ཡིག་ཆའི་འགེངས་ཤོག
- བོད་སྐད་ཐོག་ཡོད་པའི་ཉམས་ཞིབ་དུས་དེབ་ཁག་གི་མཚན་ཐོ།
- འབྲེལ་མཐུད།
རིག་པའི་ཆུ་གཏེར་གྱི་ཤེས་ཡོན་ལས་གཞི།
ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་སློབ་གཉེར་ཁང་དེ་ཉིད་ཀྱི་དགོས་པ་དང་དམིགས་ཡུལ་གཞི་རྩར་བཟུང་སྟེ། ཚད་མཐོའི་ཉམས་ཞིབ་ཀྱི་ལས་དོན་དེ་ཉིད་དགོས་པ་གལ་ཆེན་དུ་བཟུང་བ་མ་ཟད་གཙུག་ལག་སློབ་གཉེར་ཁང་དེ་བཞིན་རྒྱལ་སྤྱིའི་གདེང་འཇོག་ཐོབ་པའི་ཉམས་ཞིབ་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་འགྱུར་རྒྱུའི་རེ་འདུན་བཅངས་བཞིན་ཡོད། གཙུག་ལག་སློབ་གཉེར་ཁང་ནས་དམིགས་ཡུལ་དེ་ཉིད་བསྒྲུབ་ཕྱིར་སློབ་ཚན་འདྲ་མིན་ཐོག་ལོ་གསུམ་རིང་རིག་པའི་ཆུ་གཏེར་གྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་སྐྲུན་ཡོད།
རིག་པའི་ཆུ་གཏེར་གྱི་སློབ་ཞུགས་ནི་ལོ་རེའི་སློབ་ཞུགས་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པས་རིག་པའི་ཆུ་གཏེར་གྱི་བསླབ་གཞིར་བཞུགས་འདོད་ཡོད་རིགས་ཀྱི་སློབ་གཉེར་བ་རྣམས་ནི་ལོ་རེར་འཛུལ་ཞུགས་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱེད་པ་དང་། གཙུག་ལག་སློབ་གཉེར་ཁང་ནས་ཉམས་ཞིབ་ཀྱི་གནས་ཚད་གོང་སྤེལ་སླད་བྱེད་སྒོ་སྣ་མང་ཞིག་སྤེལ་དང་སྤེལ་མུས་འོག་ཉམས་ཞིབ་དང་ཡར་རྒྱས་ཚན་པ་གསར་འཛུགས་བྱུང་བ་ནི། གཙུག་ལག་སློབ་གཉེར་ཁང་གི་གྲུབ་འབྲས་ཤིག་ཀྱང་ཡིན། ཚན་པ་དེས་སློབ་ཆེན་རོགས་དངུལ་ཚོགས་ཆུང་དང་། གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་འཆར་ལྷན་ཚོགས་ཀྱི་དགོངས་བསྟུན་ལྟར་སྲིད་ཇུས་དང་། སྒྲིག་ཁྲིམས་སོགས་གཏན་འབེབས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད།
གཤམ་གསལ་སློབ་ཚན་ཁག་གི་ཐོག་རིག་པའི་ཆུ་གཏེར་གྱི་བསླབ་གཞིའི་གོ་སྐབས་ཡོད།
- རྒྱ་གར་ནང་པའི་ལྟ་གྲུབ།
- བོད་ཀྱི་ནང་པའི་ལྟ་གྲུབ།
- བོད་ཀྱི་སྐད་ཡིག་དང་རྩོམ་རིག
- བོད་ཀྱི་ལོ་རྒྱུས་དང་རིག་གཞུང་།
- བསྐྱར་གསོ།
- གསོ་བ་རིག་པ།
- བོད་ཀྱི་ཐང་ཀ་དང་ཤིང་བརྐོས་རིག་པ།


