མཐུན་རྐྱེན།
གསལ་བསྒྲགས།
དྲ་རྒྱའི་མཐུན་རྐྱེན།
ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནི། དབུས་རྒྱ་གར་གཞུང་གི་བརྡ་འཕྲིན་འཕྲུལ་ལས་བརྒྱུད་དེ་ཤེས་ཡོན་སློབ་གསོ་སྤྲོད་རྒྱུའི་རྒྱལ་ཡོངས་ལས་གཞིའི་འོག་རྒྱལ་ཡོངས་དྲྭ་རྒྱའི་སློབ་གསོ་ཚོགས་པའི་ཚོགས་མི་ཞིག་ཡིན། ལས་གཞི་དེའི་འོག་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་ཡོངས་བརྡ་འཕྲིན་ལྟེ་གནས་བརྒྱུད་དེ་དྲྭ་རྒྱའི་ཤུགས་ཚད་གྷི་ཧྷ་གཅིག་གི་མཐུན་རྐྱེན་ཀྱང་འཐོབ་ཀྱི་ཡོད།
གཙུག་ལག་སློབ་གཉེར་ཁང་གི་དམིགས་ཡུལ་དང་དགོས་པ་གཞི་བཟུང་། སློབ་གླིང་རྭ་བའི་ནང་དྲྭ་རྒྱ་དང་འཕྲུལ་ཆས་ཀྱི་སྤྱོད་སྒོའི་སླད་འཐུས་སྒོ་ཚང་བའི་བརྡ་འཕྲིན་ལག་རྩལ་དང་འབྲེལ་བའི་མཐུན་རྐྱེན་ལྡན་ཡོད།
དེར་གཙུག་ལག་སློབ་གཉེར་ཁང་གི་ལས་ཁུང་ཁག་དང་ཁང་བཟང་ཁག་ཏུ་སྐུད་ཡོད་དྲ་རྒྱུའི་མཐུན་རྐྱེན་དང་། ལས་བྱེད་པའི་ཞུགས་ཤག་ཁུལ་དང་། སློབ་གཉེར་བའི་ཁང་ཚན། དེ་བཞིན་མགྲོན་ཁང་སོགས་སློབ་གཉེར་རྭ་བའི་ནང་། སྐུད་མེད་དྲྭ་རྒྱའི་མཐུན་རྐྱེན་ལྡན་ཡོད།
གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རྣམས་ལ་ཤེས་རིག་དང་ཉམས་ཞིབ་སླད་གློག་ཀླད་དང་། དྲྭ་རྒྱའི་མཐུན་རྐྱེན་ལྡན་ཡོད་པ་དང་། སློབ་གླིང་གི་རྭ་བའི་ནང་དུ་སྐར་ཁུང་གློག་ཀླད་དང་ཀུ་ཤུའི་གློག་ཀླད་སླད་དུ་དྲྭ་རྒྱའི་མཐུན་རྐྱེན་གྱི་ལམ་ལུགས་ལྡན་ཡོད། གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་སུ་ཞིག་ཡིན་ནའང་། དྲྭ་རྒྱའི་མཐུན་རྐྱེན་དགོས་ཚེ། འགྲོ་ལུགས་གཞི་བཟུང་འགེངས་ཤོག་སྙན་ཞུ་བསྐངས་ཏེ་ཞུ་ཆོག
འབྲེལ་གཏུགས་གནང་ཡུལ།
- Shri Nirankar Pandey
ལས་ཁུངས་དོ་དམ་པ།
Ph- 8299259054
Email- nirankar.pandey@cihts.ac.in
- Shri Ojas Shandilya
ལས་ཁུངས་དོ་དམ་པ།
Ph- 9473531744
Email- ojas.shandilya@cihts.ac.in


