སློབ་གཉེར་བ།

གསལ་བསྒྲགས།  

རྒྱལ་སྤྱིའི་སློབ་གཉེར་བ།

ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ནི། ནང་དོན་རིག་པ་གཙོ་བོར་འགྱུར་བའི་བོད་ཀྱི་རིག་གཞུང་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག གསོ་བ་རིག་པ། ཧི་མ་ལ་ཡའི་ཤེས་རིག དེ་བཞིན་དགེ་རྒན་འོས་སྦྱོང་གི་སློབ་གཉེར་བྱ་རྒྱུ་ཡོད་པའི་ཤེས་ཡོན་ལྟེ་གནས་གྲགས་ཅན་ཞིག་ཡིན་པ་དང་། དེར་རྒྱལ་ཁབ་མི་འདྲ་བའི་རྒྱལ་སྤྱིའི་སློབ་གཉེར་བ་མི་ཉུང་བ་ཞིག་ཀྱང་འདུས་ཡོད། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་མང་དག་ཅིག་དང་ལྷན་དུ་གན་གྱ་བཞག་ཡོད་པ་བཞིན་ལོ་ལྟར་སྤྱི་ཟླ་བཅུ་གཉིས་པ་དང་དང་པོའི་ནང་། འདི་ག་སློབ་གཉེར་ཁང་དུ་ཕྱི་རྒྱལ་སློབ་གཉེར་བ་ལྔ་བཅུ་ལྷག་ནང་དོན་རིག་པ་གཙོ་བོར་འགྱུར་བའི་བོད་ཀྱི་རིག་གནས་སློབ་གཉེར་སླད་ཆེད་དུ་ཕེབས་ཀྱི་ཡོད། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་། ཤེས་ཡོན་དང་། ཉམས་ཞིབ། བསྐྱར་གསོ། སྒྱུར་གྱི་ལས་གཞི། དེ་བཞིན་མཉམ་ལས་ཀྱི་ཤེས་ཡོན་ལས་གཞི་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ལོ་རྒྱུས་ཡོད་པའི་ཤེས་ཡོན་ལྟེ་གནས་ཤིག་ཡིན།

དེར་བརྟེན་སློབ་མའི་བརྒྱ་ཆ་ ༤ དང་ཚེག་ ༥ ནི། ཕྱིའི་རྒྱལ་ཁབ་ནས་ཡིན་པ་དག་གིས་ཁྱོན་རྒྱལ་ཁབ་མི་འདྲ་བ་ཁག་བཅུའི་མགྲིན་ཚབ་བྱེད་བཞིན་ཡོད། ཁྱེད་རང་ཕྱིའི་རྒྱལ་ཁབ་གང་ཞིག་ནས་ཕེབས་མིན་ལ་མ་ལྟོས་པར་གཙུག་ལག་སློབ་གཉེར་ཁང་འདི་ནི། སློབ་གཉེར་བྱ་བར་ཤེས་ཡོན་གྱི་ཁོར་ཡུག་ཚད་ལྡན་ཞིག་སྟེ། འདིར་སློབ་གཉེར་བ་ཕན་ཚུན་གྲོགས་འདྲིས་བྱེད་བདེ་བས་རང་ཉིད་ཀྱི་ཁྱིམ་ཚང་ལྟ་བུའི་ཚོར་སྣང་དེ་མུར་སྐྱེ་ཐུབ། དེ་བཞིན་སློབ་གཉེར་གྱི་ཁོར་ཡུག་གསོན་ཉམས་ལྡན་ཞིང་། བཞུགས་གནས་ཀྱི་མཐུན་རྐྱེན་བཟང་བ་མ་ཟད་གནས་དེ་ནི། ལོ་རྒྱུས་ཀྱི་རང་བཞིན་ལྡན་ཅིང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ནང་པའི་གནས་མཆོག་གཅིག་ཀྱང་ཡིན།

ང་ཚོའི་གསོན་ཉམས་ལྡན་ལ་ཁྱད་དུ་འཕགས་པའི་ཤེས་རིག་གི་ཁོར་ཡུག་དེ་བཞིན་རྒྱུས་ལོན་དང་། ལོངས་སུ་སྤྱད་རྒྱུར་ང་ཚོས་ཁྱེད་ཉིད་མགྲོན་འབོད་ཞུ་བཞིན་ཡོད།

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM