ང་ཚོའི་སྐོར།
གསལ་བསྒྲགས་སྦྱར་པང་།












ལས་གཞི་དང་། བསླབ་གཞི།
ལོ་གསུམ་ཅན་གྱི་བསྟན་བཅོས་ནི་ཉེ་བའི་གཙུག་ལག་རབ་འབྱམས་དང་དོ་མཉམ་ཞིང་། ལོ་གཉིས་ཅན་གྱི་སློབ་དཔོན་ནི་གཙུག་ལག་རབ་འབྱམས་དང་དོ་མཉམ་པ་ཡིན། . མཐོ་སློབ་འདི་ནས་ནང་ཆོས་དང་། བོད་ཀྱི་རྒྱལ་རབས། རིག་གཞུང་། གསོ་རིག སྒྱུ་རྩལ། བསྐྱར་གསོ་ལྟ་བུ་རིག་པའི་གནས་དུ་མའི་ཐོག་ལ་ཉམས་ཞིབ་སློབ་གཉེར་གྱི་རྣམ་གཞག་ཀྱང་ཡོད། རིག་པའི་ཆུ་གཏེར་ནི་འབུམ་རམས་པ་དང་དོ་མཉམ་ཞིང་། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་མཐོ་སློབ་ལྷན་ཚོགས་ཀྱི་གཏན་འབེབས་སྒྲིག་གཞི་ལྟར་འགྲོ་བཞིན་ཡོད།
འདེམས་སྒྲུག་གཞིར་བཞག་གྲུབ་འབྲས་གཙོར་བཟུང་གི་ལམ་ལུགས་ལྟར། སློབ་གཉེར་བ་རྣམས་ཀྱི་གཤམ་གྱི་སློབ་ཚན་རྣམས་རང་མོས་ལྟར་འདེམས་སྒྲུག་བྱེད་པའི་རང་དབང་ཆ་ཚང་ཡོད། སློབ་ཚན་རྣམས་ནི། ཨེ་ཤ་ཡའི་བྱུང་རབས། བོད་ཀྱི་བྱུང་རབས། སྲིད་དོན་ཚན་རིག དཔལ་འབྱོར་རིག་པ། པཱ་ལི། ལེགས་སྦྱར། ཧིན་དི། དབྱིན་ཇི་བཅས་ཡིན། བསླབ་གཞི་ཁག་གི་ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ན། གཤམ་གྱི་དྲྭ་ཐག་ཐོག་ལ་བསྣུན་དགོས།
- མཐོ་སློབ་ཀྱི་སྔོན་འགྲོའི་བསླབ་གཞི།
- ཉེ་བའི་རབ་འབྱམས་པ།
- གཙུག་ལག་རབ་འབྱམས་པ།
- འབུམ་རམས་པ།