faculties

གསལ་བསྒྲགས་སྦྱར་པང་།  

གཏན་ཚིགས་དང་ནང་དོན་རིག་པའི་སྡེ་ཚན།

གཏན་ཚིགས་དང་ནང་དོན་རིག་པའི་སྡེ་ཚན་ནི། མཐོ་སློབ་འདི་ཉིད་དབུ་བརྙེས་པ་དང་ལྷན་དུ་བཙུགས་པའི་སྡེ་ཚན་གལ་འགངས་ཆེ་ཤོས་དེ་ཡིན། དང་ཐོག་སྡེ་ཚན་འདི་ཉིད་ལ་རྒྱ་གཞུང་དང་རང་གཞུང་གི་ཚན་པ་གཉིས་ལས་མེད་ཀྱང་། ཕྱི་ལོ་༡༩༩༠གཡུང་དྲུང་བོན་ཀྱི་སྡེ་ཚན་གསར་སྣོན་བྱས། རྒྱ་གཞུང་ཞེས་པ་ནི་གནའ་རབས་རྒྱ་གར་གྱི་ནང་པའི་མཁས་པས་མཛད་པའི་བསྟན་བཅོས་རྣམས་ལ་ཟེར་བ་ཡིན་ཞིང་། རྒྱ་དཔེ་ཕལ་ཆེ་བ་རྩ་མེད་དུ་སོང་ཟིན་པས། མཐོ་སློབ་འདི་ཉིད་ནང་རྒྱ་གཞུང་བོད་འགྱུར་མར་སློབ་གཉེར་བྱེད་བཞིན་ཡོད། རང་གཞུང་ཞེས་པ་ནི་རྒྱ་གར་གྱི་མཁས་པས་མཛད་པའི་བསྟན་བཅོས་རྣམས་ལ་བོད་ཀྱི་ས་དགེ་བཀའ་རྙིང་གི་མཁས་པས་མཛད་པའི་འགྲེལ་བྱེད་ཀྱི་གཞུང་རྣམས་ལ་གོ་བ་ཡིན། དེས་ན་རྒྱ་གཞུང་དང་རང་གཞུང་གི་སློབ་ཚན་རྣམས་ནི་རྒྱ་གར་དང་བོད་ཀྱི་མཚན་ཉིད་རིག་པ་ལས་གྲུབ་པ་ཡིན་ཞིང་། དེ་དག་ནི་གནའ་བོའི་རྒྱ་གར་གྱི་ན་ལེན་དྲའི་མཁས་པ་ཀླུ་སྒྲུབ་དང་། ཕྱོགས་གླང་། དབྱིག་གཉེན། ཆོས་གྲགས། ཟླ་གྲགས། ཞི་བ་ལྷ་ལྟ་བུས་མཛད་པའི་གཞུང་ཆེན་ཁག་ལ་གཞི་བཞག་ཡོད། བོན་རང་གཞུང་ཞེས་པ་ནི། གཡུང་དྲུང་བོན་གྱི་མཁས་པས་མཛད་པའི་བསྟན་བཅོས་རྣམས་ལ་གོ་བ་ཡིན་ཞིང་། བོད་ཀྱི་གདོད་མའི་ཆོས་ལུགས་ཤིག་ཡིན་པ་མ་ཟད་རང་ཉིད་གཞུང་ལུགས་ཚད་ལྡན་ཀྱང་ཡོད།

སྡེ་ཚན་འདི་ནི་ཚན་པ་གསུམ་ལས་གྲུབ་ཡོད།

  1. རྒྱ་གཞུང་སྡེ་ཚན།
  2. རང་གཞུང་སྡེ་ཚན།
  3. བོན་གཞུང་སྡེ་ཚན།
 

རིགས་སྡེ་འདི་ནས་སློབ་འཁྲིད་བྱེད་པའི་བསླབ་གཞིའི་ཡོན་ཚན།

  1. བསྟན་བཅོས།
  2. སློབ་དཔོན།
  3. རིག་པའི་ཆུ་གཏེར།

ལས་རིམ་གྱི་མཇུག་འབྲས།

བསྟན་བཅོས།
  • སློབ་གཉེར་བ་རྣམས་གྲུབ་མཐའི་གཞུང་ལུགས་འདྲ་མིན་ལ་ཐོས་བསམ་སྒོམ་གསུམ་ལེགས་པར་བྱས་ཏེ་ཕྱི་ནང་གི་དངོས་པོའི་གནས་ལུགས་རྟོགས་པའི་ནུས་པ་གོང་འཕེལ་དུ་གཏང་རྒྱུ་ནི་དགོས་དམིགས་གཙོ་བོ་ཡིན། ནང་དོན་རིག་པར་ཐོས་བསམ་སློབ་གཉེར་བྱེད་པ་ལ་ཚད་མ་རིག་པ་ནི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་སྟབས། ནང་དོན་རིག་པའི་སློབ་གཉེར་གྱི་གལ་ཆེའི་ཆ་ཤས་ཤིག་ཡིན། སློབ་གཉེར་བས་དངོས་པོའི་གཤིས་ལུགས་ལ་གོ་རྟོགས་ཇི་ཙམ་གཏིང་ཟབ་པ་ཡོད་ནའང་། དེ་ཙམ་གྱིས་ཞིབ་འཇུག་དང་། འཆད་འཁྲིད། ཉམས་ལེན་ལ་འབད་འབུངས་ཐུབ།

  • བསྟན་བཅོས་འཛིན་གྲྭའི་གནས་རིམ་ནང་། ནང་དོན་རིག་པའི ་སློབ་ཚན་ཡོད་མུས་ཐོག ལེགས་སྦྱར་དང་། བོད་ཀྱི་སྐད་ཡིག་གཉིས་ངེས་པའི་སློབ་ཚན་ཡིན་པ་དང་། གཞན་དབྱིན་སྐད་དང་ཧིན་སྐད་གཉིས་གང་རུང་གདམ་ཁ་དང་། དེ་བཞིན་བོད་ཀྱི་བྱུང་རབས། ཨེ་ཤ་ཡའི་བྱུང་རབས། སྲིད་དོན་ཚན་རིག དཔལ་འབྱོར་རིག་པ། ལེགས་སྦྱར། པཱ་ལི་བཅས་གང་རུང་གཅིག་གདམ་ཁ་ཡིན་པ་བཅས་སོ།།

སློབ་དཔོན་འཛིན་གྲྭ།
  • སློབ་གཉེར་བ་རྣམས་གྲུབ་མཐའི་གཞུང་ལུགས་འདྲ་མིན་ལ་ཐོས་བསམ་སྒོམ་གསུམ་ལེགས་པར་བྱས་ཏེ་ཕྱི་ནང་གི་དངོས་པོའི་ལུགས་རྟོགས་པའི་ནུས་པ་གོང་འཕེལ་དུ་གཏང་རྒྱུ་ནི་དགོས་དམིགས་གཙོ་བོ་ཡིན། ནང་དོན་རིག་པར་ཐོས་བསམ་སློབ་གཉེར་ལ་ཚད་མ་རིག་པ་ནི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་སྟབས། ནང་དོན་རིག་པའི་སློབ་གཉེར་གྱི་གལ་ཆེའི་ཆ་ཤས་ཤིག་ཡིན། སློབ་གཉེར་བས་དངོས་པོའི་གཤིས་ལུགས་ལ་གོ་རྟོགས་ཇི་ཙམ་གཏིང་ཟབ་པ་ཡོད་ནའང་།

  • In Acharyaདེ་ཙམ་གྱིས་ཞིབ་འཇུག་དང་། འཆད་འཁྲིད། ཉམས་ལེན་ལ་འབད་འབུངས་ཐུབ། སློབ་དཔོན་འཛིན་གྲྭར་སླེབས་པའི་སྐབས་སུ་ནང་དོན་རིག་པར་སློབ་གཉེར་རྒྱ་ཇེ་ཆེ་དང་། གཏིང་ཇེ་ཟབ་ཀྱི་སྒོ་ནས་འཆད་ཉན་བྱེད།

ནང་དོན་རིག་པའི་རིག་པའི་ཆུ་གཏེར།

འཕགས་བོད་ཀྱི་ནང་དོན་རིག་པའི་ཁྱབ་ཁོངས་ཀྱི་བརྗོད་གཞི་བྱེ་བྲག་གང་རུང་ཐོག་སློབ་གཉེར་དང་ཞིབ་འཇུག་ཐུབ་པའི་སློབ་གཉེར་བ་སྐྱེད་སྲིང་བྱ་རྒྱུ་དེ་དགོས་དམིགས་ཡིན། དེ་བཞིན་གནའ་དེང་གི་ཞིབ་འཇུག་ཐབས་ལམ་འདྲ་མིན་བེད་སྤྱོད་ཀྱིས་སྐད་ཡིག་དང་ཆོས་རིག་གཞན་དུ་ཡོད་པའི་གནད་དོན་རྣམས་དཔྱད་བསྡུར་དང་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་དང་མཐུན་རྐྱེན་སྦྱར་རྒྱུ་དེ་ཡང་དགོས་དམིགས་ཤིག་ཡིན། ལེགས་སྦྱར་གྱི་མ་དཔེ་བོར་བརླག་ཟིན་པ་རྣམས་བོད་སྐད་ནས་བསྐྱར་གསོ་བྱ་རྒྱུར་རང་མོས་ཀྱིས་བདམས་པ་རྣམས་ལ་ནང་པའི་ལེགས་སྦྱར་དཔེ་རྒྱུན་བསྐྱར་གསོའི་ཐོག་སྦྱོང་བརྡར་སྤྲོད་ཀྱི་ཡོད། ཉམས་ཞིབ་ཀྱི་ཐབས་རྩལ་དང་ནང་དོན་རིག་པར་གོ་རྟོགས་གཏིང་ཟབ་ཡོད་པ་དེས་སློབ་གཉེར་བ་རྣམས་ཀྱིས་མུ་མཐུད་ནས་འཕགས་བོད་ནང་བསྟན་གྱི་ནང་དོན་རིག་པར་ཞིབ་འཇུག་དང་། རྩོམ་འབྲི། སློབ་འཁྲིད་བཅས་ལ་འཇུག་ཐུབ།

གསལ་བསྒྲགས་སྦྱར་པང་།