སློབ་གཉེར་བ།

གསལ་བསྒྲགས།  

རྩེད་རིགས་ཀྱི་བྱེད་སྒོ་ཁག

སློབ་གཉེར་བས་ལོ་ལྟར་རྩེད་རིགས་ཉིན་མོ་དང་དེ་བཞིན་རྩེད་རིགས་ཀྱི་འགྲན་བསྡུར་སྣ་མང་ཞིག་གོ་སྒྲིག་ཞུ་བ་དང་། ནང་པའི་མཁས་དབང་ཞིང་གཤེགས་དམ་པ་ལཱལ་ མ་ནི་ ཇཱོ་ཤི་མཆོག་ལ་ཆེ་བསྟོད་སླད་ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་ཉིན་གྲངས་བཅུ་ནས་བཅོ་ལྔའི་བར་འཛིན་གྲྭ་ནང་ཁུལ་རྐད་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གོ་སྒྲིག་ཞུ་བ་དང་། རྩེད་འགྲན་གྱི་མཐའ་མའི་འགྲན་བསྡུར་དེ་བཞིན་རྒྱ་གར་རང་དབང་དུས་ཆེན་ཉིན་མོར་གོ་སྒྲིག་ཞུ་བཞིན་ཡོད། སྤྱི་ལོ་ ༢༠༡༧ ལོ་ནི་རྩེད་འགྲན་དེ་ཉིད་གོ་སྒྲིག་ཞུས་ཏེ་ལོ་ཡི་བགྲང་ཆ་ཉེར་དགུ་འཁོར་བའི་དུས་སྐབས་ཤིག་ཡིན། གཞན་ཡང་བོད་ཀྱི་རྩེད་རིགས་ཚོགས་པས་ལོ་ལྟར་གོ་སྒྲིག་ཞུ་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཁྲོད་གཙུག་ལག་སློབ་གཉེར་ཁང་གི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་མཉམ་ཞུགས་གནང་བཞིན་ཡོད། གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྩེད་རིགས་ཉིན་མོ་ནི། ཟླ་བ་ ༩ ཚེས་ ༢ སྟེ་བོད་ཀྱི་མང་གཙོའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དེའི་ཉིན་སློབ་མ་རྣམས་ནས་འདུར་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར། མཆོངས་རྒྱག ལྕགས་རྡོ་དབྱུག་རྩེད་སོགས་ཀྱི་ནང་མཉམ་ཞུགས་ཀྱིས་འགྲན་བསྡུར་བྱེད་ཅིང་། རྒྱལ་མཁན་རྣམས་ལ་བྱ་དགའ་གསོལ་རས་ཀྱང་སྩོལ་བཞིན་ཡོད། ལོ་ལྟར་སྤྱི་ཟླ་དང་པོའི་ནང་ལག་རྩེད་སྤོ་ལོའི་འགྲན་བསྡུར་དང་། དེ་བཞིན་དབྱུག་རྩེད་སྤོ་ལོ་དང་། ལག་གཡུག་སྤོ་ལོ། པིང་པོང་དང་བྱ་སྤྲོ་ཕོང་རྩེད་སོགས་ཀྱང་གོ་སྒྲིག་ཞུ་བཞིན་ཡོད།
སྤྱི་ལོ་ ༢༠༡༥ ཟླ་ ༠༦ ཚེས་ ༢༡ ཉིན་རྒྱལ་སྤྱིའི་ཡོ་གཱ་ཉིན་མོར་སྲུང་བརྩི་ཞུས་འགོ་བཙུགས་པ་ནས་བཟུང་། ཉིན་དེར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་སློབ་གླིང་གི་སྤང་ལྗོངས་ཐོག་འདུས་ཏེ། ཉིན་མོ་དེ་ཉིད་སྲུང་བརྩི་ཞུ་བཞིན་ཡོད། གཞན་ཡང་རྒྱུན་ལྡན་སྔ་དྲོའི་ཕྱག་ཚོད་དྲུག་པ་ནས་བདུན་པའི་བར་དགེ་ལས་སློབ་གཉེར་བ་རྣམས་ལ་ཡོ་གའི་འཛིན་གྲྭའང་གོ་སྒྲིག་ཞུ་བཞིན་ཡོད།

གསལ་བསྒྲགས།  

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM