ཤེས་ཡོན་རིག་སྡེ།

གསལ་བསྒྲགས།  

སྒྱུ་རྩལ་སྡེ་ཚན།

སྒྱུ་རྩལ་སྡེ་ཚན་ནི་ཕྱི་ལོ་༢༠༠༨ལོར་གསར་བཙུགས་བྱས་ཤིང་། དོན་དངོས་ཐོག་རྒྱ་གར་རྒྱལ་ཡོངས་ནང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐོག་བསྟན་བཅོས་དང་སློབ་དཔོན་གྱི་གནས་རིམ་གྱི་སྦྱོང་བརྡར་སྤྲོད་པ་ཐོག་མར་དེ་ཆགས་ཡོད། སྡེ་ཚན་འདི་ཉིད་གསར་བཙུགས་བྱེད་དགོས་པའི་དམིགས་ཡུལ་ནི། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྣམས་རྒྱུན་འཛིན་དར་འཕེལ་གཏོང་ཕྱིར་ཡིན། ད་ལྟའི་ཆར་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་དང་། ཤིང་བརྐོས་སྒྱུ་རྩལ་གྱི་ཐོག་ལ་བསྟན་བཅོས་དང་སློབ་དཔོན་གནས་རིམ་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད། སྒྱུ་རྩལ་གྱི་རྣམ་གཞག་དང་། རྒྱབ་ལྗོངས་ཀྱི་ལྟ་གྲུབ་རྣམས་ལ་ཡང་སློབ་གཉེར་བྱས་ནས་མཐར་རང་ཉིད་ཀྱི་བརྩམས་ཆོས་རྣམས་རྒྱལ་སྤྱིའི་སྡིང་ཆའི་ཐོག་འཁྱེར་མཁན་གྱི་སྒྱུ་རྩལ་བ་དང་། སྒྱུ་རྩལ་མཁས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན།

སྡེ་ཚན་འདི་ནི་ཚན་པ་གཉིས་ལས་གྲུབ་པ་ཞིག་ཡིན།

  1. བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་སྡེ་ཚན།
  2. བོད་ཀྱི་སྲོལ་རྒྱུན་ཤིང་བརྐོས་སྡེ་ཚན།

རིག་སྡེ་འདི་ནས་སློབ་འཁྲིད་བྱེད་པའི་བསླབ་གཞིའི་ཡོན་ཚད།

  1. བསྟན་བཅོས།
  2. སློབ་དཔོན།

བསླབ་གཞིའི་གྲུབ་འབྲས།

  • U.G. ནང་དོན་རིག་པའི བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་དང་ཤིང་བརྐོས་ཐོག་བསྟན་བཅོས་ལག་འཁྱེར།

སློབ་གཉེར་བ་རྣམས་ཀྱིས་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་རྣམ་བཞག་དང་མཛེས་ཆོས་ཀྱི་ལྷ་ཚུལ་མི་འདྲ་བའི་འཕེལ་རིམ་དང་། བྱུང་ཁུངས་སོགས་ཀྱི་ཐོག་ལ་སྦྱོང་བརྡར་སྤྲོད་པའི་ཆེད་དུ་ལྷ་བྲིས་དང་ཤིང་བརྐོས། དེ་བཞིན་ཕྱི་བཀོད་སྒྱུ་རྩལ་གཞན་ལྟ་བུ་བོད་ཀྱི་སྒྱུ་རྩལ་གྱི་ཡན་ལག་འདྲ་མིན་ཐོག་གོ་རྟོགས་དང་དཔྱད་བརྗོད་ཀྱི་འཇུག་པ་རྒྱ་ཆེར་ཡོང་རྒྱུར་དམིགས་ཏེ་བཀོད་སྒྲིག་བྱས་པ་ཞིག་ཡིན། ལག་ཤེས་རང་བཞིན་དུ་འགྱུར་པའི་བསླབ་པ་འདིའི་སློབ་ཚན་ཁོངས་སུ་ལྷ་བྲིས་དང་ཤིང་བརྐོས་ཀྱི་ལག་ལེན་དངོས་མྱོང་གི་སློབ་ཚན་རྣམས་ཀྱང་བཞག་ཡོད། སློབ་གཉེར་བ་རྣམས་ལ་དཔྱད་བསྡུར་རང་བཞིན་གྱི་ཤེས་བྱའི་དམིགས་སྒོ་དབྱེ་བའི་དོན་དུ་རྒྱ་གར་དང་ནུབ་ཕྱོགས་ཀྱི་རི་མོ་དང་ཤིང་བརྐོས་ཀྱི་ལམ་ལུགས་དང་། འཕེལ་རིམ་སོགས་ཀྱི་ཐོག་ལ་ཡང་སློབ་ཚན་བཞག་ཡོད། བསླབ་གཞིའི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ནང་བའི་སྒྱུ་རྩལ་དང་ཡུལ་ལུང་མང་པོས་གཅེས་ཉར་འཕེལ་རྒྱས་བཏང་བའི་ཤེས་བྱ་རྣམས་བཞག་ཡོད།

  • བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་དང་ཤིང་བརྐོས་ཐོག་སློབ་དཔོན་གྱི་འཛིན་གྲྭ

འདས་པའི་ལོ་ཤས་ནང་མཛེས་ཆོས་རིག་པའི་ཐོག་ལག་ལེན་དང་དཔྱད་བརྗོད་ཐོག་གོ་ལ་ཧྲིལ་པོའི་ནང་དུ་གནས་ཚད་གསར་པ་ཞིག་ཏུ་སླེབས་ཡོད། སློབ་གཉེར་བ་རྣམས་ཀྱིས་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་རྣམ་བཞག་དང་མཛེས་ཆོས་ཀྱི་ལྷ་ཚུལ་མི་འདྲ་བའི་འཕེལ་རིམ་དང་། བྱུང་ཁུངས་སོགས་ཀྱི་ཐོག་ལ་སྦྱོང་བརྡར་སྤྲོད་པའི་ཆེད་དུ་ལྷ་བྲིས་དང་ཤིང་བརྐོས། དེ་བཞིན་ཕྱི་བཀོད་སྒྱུ་རྩལ་གཞན་ལྟ་བུ་བོད་ཀྱི་སྒྱུ་རྩལ་གྱི་ཡན་ལག་འདྲ་མིན་ཐོག་གོ་རྟོགས་དང་དཔྱད་བརྗོད་ཀྱི་འཇུག་པ་རྒྱ་ཆེར་ཡོང་རྒྱུར་དམིགས་ཏེ་བཀོད་སྒྲིག་བྱས་པ་ཞིག་ཡིན། ལག་ཤེས་རང་བཞིན་དུ་འགྱུར་པའི་བསླབ་པ་འདིའི་སློབ་ཚན་ཁོངས་སུ་ལྷ་བྲིས་དང་ཤིང་བརྐོས་ཀྱི་ལག་ལེན་དངོས་མྱོང་གི་སློབ་ཚན་རྣམས་ཀྱང་བཞག་ཡོད། སློབ་གཉེར་བ་རྣམས་ལ་དཔྱད་བསྡུར་རང་བཞིན་གྱི་ཤེས་བྱའི་དམིགས་སྒོ་དབྱེ་བའི་དོན་དུ་རྒྱ་གར་དང་ནུབ་ཕྱོགས་ཀྱི་རི་མོ་དང་ཤིང་བརྐོས་ཀྱི་ལམ་ལུགས་དང་། འཕེལ་རིམ་སོགས་ཀྱི་ཐོག་ལ་ཡང་སློབ་ཚན་བཞག་ཡོད། བསླབ་གཞིའི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ནང་བའི་སྒྱུ་རྩལ་དང་ཡུལ་ལུང་མང་པོས་གཅེས་ཉར་འཕེལ་རྒྱས་བཏང་བའི་ཤེས་བྱ་རྣམས་བཞག་ཡོད། ཆེས་མཐོའི་སློབ་ཚན་འདི་དག་གིས་སློབ་གཉེར་བ་རྣམས་ཀྱིས་ལྷ་བྲིས་དང་ཤིང་བརྐོས་ལ་སོགས་པའི་སྒྱུ་རྩལ་རིག་གནས་ཀྱི་ནང་དུ་ཉམས་ཞིབ་དང་། འཆད་འཁྲིད་ཀྱི་གོ་སྐབས་རྣམས་དམ་འཛིན་བྱས་ཏེ་བླང་རྒྱུར་ཕན་ཐོགས་ཡོད།

བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རིག་པའི་བསྟན་བཅོས་བསླབ་གཞིའི་གྲུབ་འབྲས།

  • ལྷ་བྲིས་དང་ཤིང་བརྐོས། དེ་བཞིན་ཕྱི་བཀོད་སྒྱུ་རྩལ་གཞན་ལྟ་བུ་བོད་ཀྱི་སྒྱུ་རྩལ་གྱི་ཡན་ལག་འདྲ་མིན་ཐོག་གོ་རྟོགས་དང་དཔྱད་བརྗོད་ཀྱི་འཇུག་པ་རྒྱ་ཆེར་ཡོང་རྒྱུར་དམིགས་ཏེ་བཀོད་སྒྲིག་བྱས་པ་ཞིག་ཡིན།
  • ལག་ཤེས་རང་བཞིན་དུ་འགྱུར་པའི་བསླབ་པ་འདིའི་སློབ་ཚན་ཁོངས་སུ་ལྷ་བྲིས་དང་ཤིང་བརྐོས་ཀྱི་ལག་ལེན་དངོས་མྱོང་གི་སློབ་ཚན་རྣམས་ཀྱང་བཞག་ཡོད།
  • སློབ་གཉེར་བ་རྣམས་ལ་དཔྱད་བསྡུར་རང་བཞིན་གྱི་ཤེས་བྱའི་དམིགས་སྒོ་དབྱེ་བའི་དོན་དུ་རྒྱ་གར་དང་ནུབ་ཕྱོགས་ཀྱི་རི་མོ་དང་ཤིང་བརྐོས་ཀྱི་ལམ་ལུགས་དང་།
  • འཕེལ་རིམ་སོགས་ཀྱི་ཐོག་ལ་ཡང་སློབ་ཚན་བཞག་ཡོད།
  • བསླབ་གཞིའི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ནང་བའི་སྒྱུ་རྩལ་དང་ཡུལ་ལུང་མང་པོས་གཅེས་ཉར་འཕེལ་རྒྱས་བཏང་བའི་ཤེས་བྱ་རྣམས་བཞག་ཡོད།

བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རིག་པའི་སློབ་དཔོན་བསླབ་གཞིའི་གྲུབ་འབྲས།

  • The advanced curriculum allows student to seek further opportunities
    in the fields of research, teaching, artistic fields like painting and wood-carving etc.
  • To teach this social science to the students.
  • Traditional design and decoration for home, monasteries, institutions
    buildings of public area etc.
  • To preserve and promote unique culture of fine arts.

གསལ་བསྒྲགས།  

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM