ཤེས་ཡོན་རིག་སྡེ།

གསལ་བསྒྲགས།  

སྒྲ་ཡི་རིག་སྡེ།

སྐད་རིགས་སྡེ་ཚན་ནི་ཚན་པ་གསུམ་དང་། ལྟེ་གནས་གཅིག་ལས་གྲུབ་པ་ཞིག་ཡིན།

  1. བོད་ཀྱི་སྐད་དང་རྩོམ་རིག་གི་ཚན་པ།
  2. ལེགས་སྦྱར་སྐད་ཀྱི་ཚན་པ།
  3. གནའ་དེང་སྐད་རིགས་ཚན་པ།
  4. དགེ་འོས་ལྟེ་གནས།
འཕགས་བོད་ཀྱི་སྲོལ་རྒྱུན་ནང་སྐད་ཡིག་ནི་དུས་དང་རྣམ་པ་ཀུན་ཏུ་ཉམས་ཞིབ་དང་རྩོད་པའི་གཞི་ཆེན་པོ་ཞིག་ཡིན། སྐད་རིགས་སྡེ་ཚན་ནི་རིག་པའི་གནས་ལྔ་ཡི་ནང་ནས་གཏིང་ཟབ་ཤོས་ཀྱི་གྲས་ཤིག་ཡིན། མཐོ་སློབ་འདི་ཉིད་ཐོག་མར་དབུ་བརྙེས་པ་དང་དུས་མཚུངས་སྡེ་ཚན་གསུམ་གསར་འཛུགས་བྱས་པའི་ཁྲོད་ནས་གཅིག་ནི་སྐད་རིགས་སྡེ་ཚན་འདི་ཉིད་ཡིན། དགེ་འོས་ལྟེ་གནས་ནི་སློབ་ལོ་༢༠༡༤ནས༢༠༡༥ སྐབས་སུ་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་དགེ་རྒན་སྐྱེད་སྲིང་བྱ་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཡིན། སྡེ་ཚན་འདི་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག གནའ་དེང་གི་སྐད་ཡིག་ཐོག་བསྟན་བཅོས་དང་སློབ་དཔོན་ཡོན་ཚད་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད། སྡེ་ཚན་འདི་ཉིད་ནི་གསར་གཏོད་རང་བཞིན་དུ་འགྱུར་པའི་དགེ་འོས་སྦྱོང་བརྡར་སྤྲོད་བཞིན་ཡོད། དེ་ཡང་ལོ་ངོ་བཞི་ཅན་གྱི་ཉེ་བའི་གཙུག་ལག་རབ་འབྱམས་དགེ་འོས་དང་། ལོ་ངོ་གཉིས་ཅན་གྱི་དགེ་འོས། དེ་བཞིན་སློབ་དཔོན་གནས་རིམ་ཐོག་བོད་ཀྱི་སྐད་ཡིག་དང་རྩོམ་རིག བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་རིག་པའི་ཆུ་གཏེར་ཡོན་ཚད་ཀྱི་ལག་འཁྱེར་སྤྲོད་ཀྱི་ཡོད།

རིག་སྡེ་འདི་ནས་སློབ་འཁྲིད་བྱེད་པའི་བསླབ་གཞིའི་ཡོན་ཚད།

1. བོད་ཀྱི་སྐད་ཡིག་ཐོག་སློབ་དཔོན་གྱི་ཡོན་ཚད།
2. ཉེ་བའི་གཙུག་ལག་རབ་འབྱམས་དགེ་འོས་ཀྱི་ཡོན་ཚད། ལོ་བཞི་ཅན།
3. དགེ་འོས་ཡོན་ཚད། ལོ་གཉིས་ཅན།
4. བོད་ཀྱི་སྐད་ཡིག་ཐོག་རིག་པའི་ཆུ་གཏེར་གྱི་ཡོན་ཚད།

བསླབ་གཞིའི་གྲུབ་འབྲས།

བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་ཨ་ཅཱརྱ་ (M.A) དང་།

བསླབ་པ་མཐར་སོན་པའི་རྗེས་སུ་སློབ་གཉེར་བ་རྣམས་ཀྱིས་དུས་རབས་སོ་སོའི་བོད་ཀྱི་རྩོམ་རིག་འགྱུར་བགྲོས་ནང་གི་ཟློས་གར་དང་། བརྩམས་སྒྲུང་ཐུང་གྲས། བརྩམས་སྒྲུང་རིང་གྲས། སྙན་ངག་སོགས་ཀྱི་ཐུན་མིན་ཐ་སྙད་དང་། རྩོམ་ལུས། རྩོམ་གཤིས་བཅས་ཀྱི་ཆ་ལ་མཐའ་དཔྱོད་བྱེད་པའི་བློ་གྲོས་ཀྱི་ནུས་པ་ལྡན་པ་ཞིག་ཡོང་ཐུབ། དེ་བཞིན་བོད་ཀྱི་མཚན་ཉིད་རིག་པའི་རྣམ་གཞག་གི་རྒྱབ་རྟེན་ཤུགས་ཆེ་ལྡན་ཡོད། དེ་བཞིན་སྐྱེས་རབས་དང་། ལེགས་སྦྱལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་ཀྱི་རྩོམ་རིག་རྣམས་ལ་ཡང་སློབ་གཉེར་བྱེད་ཀྱི་ཡོད། དེར་བརྟེན་སློབ་གཉེར་བ་རྣམས་ནས་དཔྱད་བསྡུར་དང་། ཡིག་སྒྱུར། འཆད་འཁྲིད། ཉམས་ཞིབ། སྒྱུ་རྩལ་དང་དཔྱད་བརྗོད་རྩོམ་ལྟ་བུའི་ལས་གནས་དུ་མའི་ནང་དུ་གོ་སྐབས་ལེན་པའི་ནུས་པ་ལྡན་ཡོད།

Working Hours of CIHTS

Sr.Name of Department / PostWorking HourLunch Break
1

Teaching (Regular)

Teaching (Tutorial)

8:00AM – 1:15PM

2:30PM – 4:30PM

 
2

Non Teaching

10:00AM – 5:00PM

1:00PM – 1:30PM
3

Research

10:00AM – 5:00PM

1:00PM – 1:30PM
4

Library

9:00AM – 6:30PM

9:00AM – 5:00PM
(In Summer)

1:00PM – 1:30PM
5

Electrician 

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
6

Pump Operator

6:00AM – 2:00PM

2:00PM – 10:00PM

10 :00PM- 6:00AM

 
7

Plumber

9:00AM – 5:00PM1:00PM – 2:00PM
8

Mali

9:00AM – 5:00PM1:00PM – 2:00PM
9

Safaiwala

7:00AM – 5:00PM

8:00AM – 5:00PM

12:00PM – 2:00PM

1:00PM – 2:00PM