དེ་རབས་ཚན་རིག་སྡེ་ཚན་གྱིས་བསླབ་གཞི་རྣམས་སྤྱི་ཚོགས་ཚན་རིག་གི་སྡེ་ཚན་བརྒྱུད་ལག་བསྟར་བྱེད་ཀྱི་ཡོད། སློབ་གཉེར་ཁང་དབུ་བརྙེས་པ་དང་མཉམ་དུ་གསར་འཛུགས་བྱས་པའི་སྡེ་ཚན་གསུམ་གྱི་ཁོངས་ནས་སྡེ་ཚན་འདི་ཉིད་གཅིག་ཡིན། ད་ལྟའི་ཆར་རིགས་སྡེ་འདི་ནས་ཁ་སྡེའི་ཁོངས་སུ་ཡོད་པའི་སློབ་ཚན། ཨེ་ཤ་ཡའི་བྱུང་རབས། བོད་ཀྱི་བྱུང་རབས། དཔལ་འབྱོར་རིག་པ། སྲིད་དོན་རིག་པ་བཅས་ཀྱི་སློབ་འཁྲིད་བྱེད་བཞིན་ཡོད་ཅིང་། གནས་རིམ་བསྟན་བཅོས་འཛིན་གྲྭ་བར་ཡོད། སློབ་ལོ་༢༠༡༧ དང་ ༢༠༡༨ ནས་བཟུང་། བོད་ཀྱི་བྱུང་རབས་ཐོག་སློབ་དཔོན་དང་། རིག་པའི་ཆུ་གཏེར་གྱི་གནས་རིམ་གྱི་བསླབ་གཞི་ངོ་སྤྲོད་བྱས་ཡོད། བོད་ཀྱི་བྱུང་རབས་ཀྱི་སློབ་དཔོན་གནས་རིམ་ནང་བོད་ཀྱི་རིག་གཞུང་དང་ཆབ་སྲིད་བཅས་བྱུང་རབས་ཁག་དང་། དེ་བཞིན་གནའ་ཤུལ་རིག་པ་དང་། མི་རིགས་རིག་པ། ལོ་རྒྱུས་རིག་པ། དངུལ་དཔྱད་རིག་པ་བཅས་ཀྱི་ངོ་སྤྲོད་བཅས་ཚུད་ཡོད།
PROGRAMME OUTCOMES:བོད་ཀྱི་ལོ་རྒྱུས་ཐོག་སློབ་དཔོན་དང་རིག་པའི་ཆུ་གཏེར་གྱི་ཡོན་ཚད།
The objective of the programmes in Tibetan History is to advance students’ critical awareness of the Tibetan History.
གསལ་བསྒྲགས།
- JOB NOTIFICATIONS*
- གསལ་བསྒྲགས།
- གསར་འགོད་གསལ་བསྒྲགས།
- རིན་མངགས།
- JOB NOTIFICATIONS
- REGISTRATION
- APPLICATION FORM
- TIME TABLE
- FEE STRUCTURE
- ADMISSIONS
- ཡིག་རྒྱུགས།
- RESULTS





