སྤུས་ཚད་ཚན་པ།
གསལ་བསྒྲགས་སྦྱར་པང་།
ནང་ཁུལ་སྤུས་ཚད་འགན་ལེན་ཚན་པ།
རྒྱལ་ཡོངས་ཞིབ་དཔྱོད་ཚད་འཛིན་ལྷན་ཚོགས་གྱི་ལམ་སྟོན་ལྟར། ཞིབ་དཔྱོད་ཚད་འཛིན་སོང་ཟིན་སློབ་གཉེར་ཁང་ཡིན་ནོ་ཅོག་གིས་ཞིབ་དཔྱོད་ཚད་འཛིན་བྱས་རྗེས་སྤུས་ཚད་རྒྱུན་གནས་ཐུབ་ཐབས་སུ་ནང་ཁུལ་སྤུས་ཚད་འགན་ལེན་ཚན་པ་ཞིག་ངེས་པར་འཛུགས་དགོས་པ་ཡིན། སྤུས་ཚད་ཡར་སྐྱེད་ནི་རྒྱུན་མཐུད་རང་བཞིན་ཅན་ཞིག་ཡིན་ཕྱིར། ནང་ཁུལ་སྤུས་ཚད་འགན་ལེན་ཚོགས་པ་ནི་སློབ་གཉེར་ཁང་འདིའི་མ་ལག་གི་ཆ་ཤས་ཤིག་ཡིན་ཞིང་། ཡར་རྒྱས་རྒྱུན་གནས་ཐུབ་ཐབས་ཀྱི་དམིགས་ཡུལ་ཕྱོགས་སུ་ལས་དོན་སྒྲུབ་བཞིན་ཡོད།
རྒྱལ་ཡོངས་ཞིབ་དཔྱོད་ཚད་འཛིན་ལྷན་ཚོགས་ཀྱི་དགོངས་པ་བསྒྲུབ་ཕྱིར། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ནང་ཁུལ་སྤུས་ཚད་འགན་ལེན་ཚན་པ་འདི་བཞིན་ཕྱི་ལོ་༢༠༡༠ཟླ་བ་བཞི་པའི་ཚེས་བཅོ་ལྔ་ནས་བཟུང་རྒྱལ་ཡོངས་ཞིབ་དཔྱོད་ཚད་འཛིན་ལྷན་ཚོགས་ཀྱིས་ཞིབ་དཔྱོད་ཚར་བའི་རྗེས་སུ་མུ་མཐུད་ནས་སྔར་ཡོད་མ་ཉམས་པའི་ཐོག་ཡར་སྐྱེད་ཡོང་ཐབས་སུ་ཆེད་བཙུགས་བྱས་པ་ཞིག་ཡིན།
- ལས་རྟགས།
དབུས་ཀྱི་འཁོར་ལོས་སཱར་ནཱ་ཐའི་ནང་པའི་བཤུལ་བཞག་མཚོན་ཅིང་། རབ་འབར་འཇམ་དབྱངས་རལ་གྲིས་མ་རིག་པ་མུན་པ་བཅད་ནས་ཤེས་བྱ་མཐའ་དག་ལ་གཟིགས་པ་རྒྱས་པ་མཚོན། ཁ་དོག་སྔོན་པོ་དང་ལི་ཁྲིས་རིམ་བཞིན་ནམ་མཁའ་དང་ཉི་མ་མཚོན། ཆ་ཤས་འདི་དག་མཉམ་བསྡུས་ཀྱིས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ནང་ཁུལ་ཚད་འཛིན་འགན་ལེན་ཚན་པ་མཚོན་ཅིང་། སློབ་གཉེར་ཁང་འདིའི་ཕྱོགས་ཡོངས་ཀྱི་ཤེས་ཡོན་གྱི་སྤུས་ཚད་དང་།
གྲུབ་འབྲས་སོགས་ཡར་སྐྱེད་ཡོང་བར་འགན་ལེན་བྱེད། ཇི་ལྟར་ལས་རྟགས་སུ་བཀོད་པ་ལྟར། ཚན་པ་འདིའི་ལས་འགན་གཙོ་བོ་ནི། སློབ་གཉེར་ཁང་འདིའི་སྡེ་ཚན་དང་རིམ་པ་སོ་སོའི་སྤུས་ཚད་ལ་འགན་སྲུང་བྱ་རྒྱུ་དེ་ཡིན།
- དགོས་དམིགས།
- ནང་ཁུལ་སྤུས་ཚད་འགན་ལེན་ཚན་པའི་དགོས་དམིགས་གཙོ་བོ་ནི་སློབ་གཉེར་ཁང་གི་ཤེས་ཡོན་དང་འཛིན་སྐྱོང་གི་བྱ་བཞག་རྣམས་འཆར་གཞི་ལྡན་ཞིང་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་མྱུར་ཚད་ལྡན་པ་ཡོང་བའི་ཕྱིར་སྒྲོམ་གཞི་ཞིག་བསྐྲུན་རྒྱུ་དེ་ཡིན།
- དེ་བཞིན་དུ་ནང་ཁུལ་སྤུས་ཚད་འགན་ལེན་ཚན་པས་འབྲེལ་ཡོད་ཐམས་ཅད་ལ་སློབ་ཚན་འཆད་འཁྲིད་ཡར་རྒྱས་ཡོང་བར་གྲུབ་འབྲས་ལྡན་པའི་མཉམ་ལས་ཡོང་རྒྱུར་དོ་ནན་བྱེད་ཀྱི་ཡོད།
- དེ་བཞིན་སྡེ་ཚན་འདི་ཉིད་ཀྱིས་འབྲེལ་ཡོད་ཚན་པ་གཞན་ཁག་དང་དཀའ་སེལ་རོགས་རམ་གྱི་ལས་འགན་ཀྱང་སྒྲུབ་ཀྱི་ཡོད།
- ཐབས་ཇུས།
- ནང་ཁུལ་སྤུས་ཚད་འགན་ལེན་ཚན་པས་གཤམ་གྱི་གནད་དོན་ཐོག་འགན་ལེན་བྱེད།
- ཤེས་ཡོན་དང་། འཛིན་སྐྱོང་། དངུལ་རྩིས་ཀྱི་བྱ་གཞག་རྣམས་ཚགས་ཚུད། ཡར་ཐོན་ཅན། དུས་ཐོག་ཏུ་གྲུབ་པ་བཅས་ལ་དོ་ནན་བྱེད།
- ཤེས་ཡོན་དང་ཞིབ་འཇུག་གི་ལས་རིམ་རྣམས་སྤུས་ཚད་དང་ཡུལ་དུས་འབྲེལ་ཆགས་ཡོང་བར་དོ་ནན་བྱེད་པ།
- ཤེས་ཡོན་གྱི་ལས་གཞི་རྣམས་སྤྱི་ཚོགས་ཁྱོན་ཡོངས་ལ་སྤྱི་སྙོམས་ཀྱི་འཇུག་སྒོ་ཡོད་པ་དང་། དཔལ་འབྱོར་འཁོས་དཔག་དང་རན་པ་ཞིག་ཡོངས་ཐབས་ལ་དོ་ནན་བྱེད་པ།
- འཆད་ཉན་གྱི་བྱེད་སྒོ་རྣམས་དེང་དུས་ཀྱི་ཤེས་ཡོན་གྱི་ཐབས་ལམ་རྣམས་མཐར་ཕྱིན་པར་བེད་སྤྱོད་ཐུབ་པ་ཡོང་རྒྱུར་དོ་ནན་བྱེད་པ།
- ཤེས་ཡོན་གྱི་གནས་རིམ་ཚད་འཛིན་གྱི་ལག་ལེན་གྱི་ཡིད་ཆེས་འཕེར་ངེས་ཡོང་བར་དོ་ནན་བྱེད་པ།
- ཞབས་ཞུ་དང་རྒྱབ་སྐྱོར་མ་ལག་རྣམས་འདང་ངེས་ཡོད་པ། བདག་གཅེས། ལས་རུང་བཅས་ཡོང་བར་དོ་ནན་བྱེད་པ།
- རྒྱལ་སྤྱི་རྒྱལ་ནང་གི་སློབ་གཉེར་ཁང་གཞན་དང་འབྲེལ་བ་མཐུད་རྒྱུ་དང་། ཞིབ་འཇུག་མཉམ་སྤྱོད་བྱ་རྒྱུར་དོ་ནན་བྱེད་པ།
- ལས་འགན།
- ནང་ཁུལ་སྤུས་ཚད་འགན་ལེན་ཚན་པའི་འོས་འགན་ཁག་ནི།
- སློབ་གཉེར་ཁང་གི་ཤེས་ཡོན་དང་འཛིན་སྐྱོང་གི་ལས་རིགས་འདྲ་མིན་རྣམས་ཚད་ལྡན་ཡོང་བ་བྱ་རྒྱུ།
- ཆེས་མཐོའི་ཤེས་ཡོན་གྱི་ཡོན་ཚད་འདྲ་མིན་གྱི་གནས་ཚུལ་རྣམས་ཁྱབ་སྤེལ་བྱ་རྒྱུ།
- སྤུས་ཚད་འབྲེལ་ཡོད་བརྗོད་གཞའི་ཐོག་བགྲོ་གླེང་དང་ཟབ་སྦྱོང་རྣམས་གོ་སྒྲིག་བྱ་རྒྱུ།
- ཚད་འཕེར་ཡར་རྒྱས་ཡོང་ཕྱིར་བྱེད་སྒོ་ཁག་གི་ཡིག་ཆ་ཉར་ཚགས་བྱ་རྒྱུ།
- རྒྱལ་ཡོངས་ཞིབ་དཔྱོད་ཚད་འཛིན་ལྷན་ཚོགས་ལ་ལོ་རེའི་སྤུས་ཚད་འགན་ལེན་གྱི་སྙན་ཐོ་གྲ་སྒྲིག་བྱ་རྒྱུ།
- རྒྱལ་ཡོངས་ཞིབ་དཔྱོད་ཚད་འཛིན་ལྷན་ཚོགས་ལ་ལོ་རེའི་སྤུས་ཚད་འགན་ལེན་གྱི་སྙན་ཐོ་གྲ་སྒྲིག་བྱ་རྒྱུ།
- ཁེ་ཕན -
- IQAC ཡིས་སྟབས་བདེ་བཟོ་རྒྱུ།
- མཐོ་རིམ་སློབ་གསོའི་སྤུས་ཚད་དང་ཕུལ་བྱུང་ཆེད་དུ་སྤུས་ཚད་མཐོར་འདེགས་གཏོང་བའི་ཆེད་དུ་སྒྲིག་འཛུགས་ཀྱི་ལས་དོན་ནང་གསལ་པོ་དང་དོ་སྣང་བྱེད་པའི་གནས་ཚད་མཐོ་རུ་གཏོང་བ་དང་།
- གཙུག་ལག་སློབ་གཉེར་ཁང་གི་བྱེད་སྒོ་སྣ་ཚོགས་ལ་ཤུགས་སྣོན་དང་མཉམ་བསྲེས་བྱེད་པ་དང་བྱེད་ཐབས་ཡག་པོ་མང་པོ་སྒྲིག་འཛུགས་ཅན་དུ་བསྒྱུར་རྒྱུ།
- སྒྲིག་འཛུགས་ཀྱི་ལས་དོན་ཡར་རྒྱས་གཏོང་བར་ཐག་གཅོད་བྱེད་པར་རྨང་གཞི་བརྟན་པོ་ཞིག་མཁོ་སྤྲོད་བྱེད་ཆེད།
- གཙུག་ལག་སློབ་གཉེར་ཁང་ནང་འགྱུར་བ་གཏོང་མཁན་གྱི་ལས་བྱེད་པ་ཞིག་ཏུ་འགྱུར་རྒྱུ།
- ནང་ཁུལ་གྱི་འབྲེལ་འདྲིས་ཡག་པོ་ཡོང་ཆེད།