ཤེས་ཡོན་རིག་སྡེ།
གསལ་བསྒྲགས།
གསོ་བ་རིག་པ་དང་བོད་ཀྱི་རྩིས།
གསོ་བོ་རིག་པའི་སྡེ་ཚན་འདི་བཞིན་བོད་དང་རྒྱ་གར་གྱི་སྨན་དཔྱད་མཉམ་ལས་གོང་འཕེལ་ཡོང་ཕྱིར་ཕྱི་ལོ་༡༩༩༣ལོར་གསར་དུ་བཙུགས། སྡེ་ཚན་འདི་ནི་རྒྱ་གར་དབུས་གཞུང་གི་སྲོལ་རྒྱུན་སྨན་དཔྱད་ལྷན་ཁང་གི་རྒྱལ་ཡོངས་རྒྱ་གར་སྨན་དཔྱད་ལམ་ལུགས་ལྷན་ཚོགས་ཀྱི་སྟངས་འཛིན་བཀོད་ཁྱབ་འོག་ཏུ་ཡོད་ཅིང་། རྒྱལ་གར་རྒྱལ་ཡོངས་སུ་ཡོད་པའི་གསོ་བ་རིག་པའི་མཐོ་སློབ་བདུན་ཡོད་པའི་ཁོངས་ནས་གཅིག་ཡིན་ཞིང་། ཨུ་ཏྟར་མངའ་སྡེའི་ནང་གི་གཅིག་པུ་དེ་རང་ཡིན། ཆེས་ཡར་ཐོན་ཅན་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་བརྟག་དཔྱད་ཁང་དང་། གསོ་རིག་གཞུང་གི་ཕྱག་དཔེ་ཇི་ཡོད་ཚང་བའི་དཔེ་མཛོད་སོགས་ཀྱི་མཐུན་རྐྱེན་རྩེར་སོན་པ་ཡོད་པའི་ཁར་ཤེས་ཡོན་ལམ་ལུགས་ཚད་ལྡན་ཡོད།
སྡེ་ཚན་འདི་ནས་གསོ་རིག་བཀའ་བཅུ་པའི་སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་གི་ཐོག་ནས་སྤྲོད་ཀྱི་ཡོད་ཅིང་། མཐའ་མར་ལོ་གཅིག་གི་རིང་ཉམས་གསོག་ཡོད། ཕྱི་ལོ་༢༠༢༣བར་འཛིན་གྲྭ་བཅུ་དྲུག་ཐོན་ཡོད་ཅིང་། རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བའི་ལས་གནས་ཐོག་ཡོད། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་དང་། དེ་བཞིན་ལ་དྭགས། ཁུ་ནུ། སྤི་ཏི། མོན་ལྟ་བུ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དང་། དེ་བཞིན་འབྲུག་དང་བལ་ཡུལ་ལ་སོགས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་གཉེར་བ་ཡོད། གསོ་རིག་སློབ་གཉེར་བ་རྣམས་ཀྱང་སློབ་གཉེར་བ་བྱིངས་དང་འདྲ་མཚུངས་སུ་བུའི་ཉལ་ཁང་དང་། བོུའི་ཉལ་ཁང་བཅས་ཀྱི་མཐུན་རྐྱེན་ཡོད་ཅིང་། སློབ་གྲྭའི་ཟ་ཁང་དུ་ཤ་ཡོད་དང་ཤ་མེད་ཀྱི་ཟས་རིགས་ཀྱི་མཐུན་རྐྱེན་ཡང་ཡོད། སློབ་ཚན་དང་ཐད་ཀར་འབྲེལ་བ་མེད་པའི་བྱེད་སྒོ་མང་དག་གི་ཆ་རྐྱེན་ཡོད། རྒྱལ་ཡོངས་རྒྱ་གར་སྨན་དཔྱད་ལམ་ལུགས་ལྷན་ཚོགས་ཀྱི་བཀོད་ཁྱབ་ལམ་སྟོན་ལྟར་གསོ་རིག་སྡེ་ཚན་ནང་ཁོངས་སུ་ཚན་པ་བརྒྱད་ཡོད།
གསོ་བ་རིག་པ་དང་། བོད་ཀྱི་གཙུག་ལག་རྩིས་ཀྱི་རིགས་སྡེ་ནི་ཕྱི་ལོ་༡༩༩༣ལོར་གསར་དུ་བཙུགས། ནང་གསེས་སྡེ་གཉིས་ཡོད།
- 1. གསོ་བ་རིག་པའི་སྡེ་ཚན།
- 2. བོད་ཀྱི་གཙུག་ལག་རྩིས་ཀྱི་སྡེ་ཚན།
རིག་སྡེ་འདི་ནས་སློབ་འཁྲིད་བྱེད་པའི་བསླབ་གཞིའི་ཡོན་ཚད།
༡༽ དཀའ་བཅུ་པ།
༢༽ བོད་ཀྱི་གཙུག་ལག་རྩིས་ཀྱི་བསྟན་བཅོས།
༣༽ སྨན་རམས་པ།
༤༽ རྩིས་རམས་པ།
༥༽ འབུམ་རམས་པ། གསོ་བ་རིག་པ།
༦༽ འབུམ་རམས་པ། བོད་ཀྱི་གཙུག་ལག་རྩིས།
བསླབ་གཞིའི་གྲུབ་འབྲས།
- དཀའ་བཅུ་པ།
བོད་ཀྱི་ཆེས་ཀྱི་གནའ་རབས་སུ་འགྱུར་པའི་སྨན་དཔྱད་གསོ་བ་རིག་པའི་ཉམས་ཞིབ་གཞི་ལ་བཞག་པའི་བསླབ་གཞི་དག་གིས་སློབ་གཉེར་བ་རྣམས་ལ་རྩ་ཆུ་བརྟག་ཐབས་ཀྱི་ལག་ལེན་སོགས་ཀྱི་སྒོ་ནས་གསོ་རིག་གཞུང་ནས་བཤད་པའི་ལུས་བཀྲ་དང་། ལུས་ཀྱི་ཆགས་ཚུལ། བརྟག་ཐབས། སེམས་ཁམས་བཅོས་ཐབས། རིམས་ནད། སྔོ་སྨན། སྨན་དཔྱད། འཇམ་དཔྱད་དང་རྩུབ་དཔྱད་སོགས་སློབ་འཁྲིད་བྱེད་ཀྱི་ཡོད། དེ་ཡིས་གསོ་རིག་གི་འབྱུང་ཁུངས་དང་། འཕེལ་རིམ། རྣམ་པ་འདྲ་མིན་གྱི་ཐོག་ལ་ཤེས་བྱ་སྤྲོད་ཀྱི་ཡོད།
- བསྟན་བཅོས་སྐར་རྩིས་འཛིན་གྲྭ།)
བསླབ་གཞི་དེ་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་བོད་ཀྱི་སྐར་རྩིས་རིག་པའི་ཤེས་བྱའི་སྙིང་དོན་དང་། རྒྱ་གར་གྱི་སྐར་རྩིས་རིག་པའི་རྨང་གཞིའི་ཤེས་བྱའི་གོ་དོན་རྟོགས་ཐུབ། གོ་ལའི་རྣམ་གཞག་དང་། གཟའ་འཛིན་དང་ཉི་འཛིན། དུ་བ་མཇུག་རིངས་འཆར་བ། དུས་སྦྱོར། རྩིས་ཕྲན་ནམ་དབུགས་སྒང་ཁྱིམ་སླེབས། ཞག་གསུམ་རྣམ་པར་དབྱེ་བ་དང་། དྷུ་བ་ཡར་སློག་གི་རིས་མོ། ལོ་ཐོ་སྦྱོར་ཚུལ་དང་མགྱོགས་རྩིས་སོགས་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་བོད་ཀྱི་སྐར་རྩིས་རིག་པའི་རྩིས་སྐོར་ཤེས་བྱའི་བསླབ་གཞི་དཔྱིས་ཕྱིན་པར་རྟོགས་ཐུབ། བསླབ་གཞི་མཇུག་སྒྲིལ་མཚམས་སློབ་གཉེར་བ་རྣམས་ཀྱིས་བོད་ཀྱི་སྐར་རྩིས་རིག་པའི་སྐོར་རྟོགས་ཤིང་ལག་ལེན་དུ་བཀོལ་ཐུབ་པ་མ་ཟད། ཤེས་བྱའི་ཁྱབ་ཁོངས་དེ་དང་འབྲེལ་བའི་ལས་དོན་གཉེར་ཐུབ།
- སློབ་དཔོན་སྐར་རྩིས་འཛིན་གྲྭ།)
བསླབ་གཞི་དེས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་དང་། ཚོར་བའི་སྟངས་འཛིན། ཉེས་སྤྱོད་ཀྱི་རིགས་མི་འདྲ་བ་སྡོམ་ཚུལ་ཐད་སྦྱོང་བརྡར་སྤྲོད་ཐུབ། བོད་ཀྱི་སྲོལ་རྒྱུན་སྐར་རྩིས་རིག་པའི་རྨང་གཞིའི་སློབ་གཉེར་གྲུབ་མཚམས་སློབ་མ་རྣམས་ལ་རྒྱ་ནག་གི་སྔོན་འགྲོའི་སྐར་རྩིས་རིག་པ་གཞིར་བཟུང་བའི་ཚེ་རབ་ལས་རྩིས་ལྟ་ཚུལ་དང་། དེ་བཞིན་གཉེན་མཐུན་དང་། ལོ་རེའི་འགལ་རྐྱེན་བར་ཆད་སྐོར། གཟུགས་གཞི་བདེ་མིན་ལས་རྩིས་སོགས་སློབ་ཁྲིད་བྱེད། སློབ་མ་རྣམས་ལ་དབྱངས་འཆར་དང་། བཀའ་འགྱུར་ལས་མདོ་རྒྱུད་ཀྱི་རིགས་མི་འདྲ་བ་མང་དག་ཅིག་དང་། རྒྱུད་ཀྱི་རྒྱལ་པོ་དུས་འཁོར་གྱི་རྒྱུད་ལས་སྐར་རྩིས་སློབ་ཁྲིད་བྱེད། བསླབ་གཞི་མཇུག་སྒྲིལ་མཚམས་སློབ་གཉེར་བ་རྣམས་ནས་ཤེས་བྱའི་ཁྱབ་ཁོངས་དེའི་ཁྲོད་ཆེས་མཐོའི་ཉམས་ཞིབ་དང་། ལོ་ཐོ་རྩོམ་སྒྲིག་དང་ལོ་རྟགས་བརྟག་པ། ཡིག་སྒྱུར་དང་མཚུངས་བསྡུར་སློབ་གཉེར། དེ་བཞིན་སློབ་ཁྲིད་ཀྱི་བྱ་བ་སོགས་གཉེར་ཐུབ།



